
ཟླ11པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་གི་བཀའ་མངག་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཏང་ཕྱིའི་མི་སྣར་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱབ་བསྒྲགས་བྱས།
ལི་ཀན་ཅེ་ཡིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་ཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ནང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་སྤེལ་དང་ཏང་སྟོབས་ལྡན་གྱི་རྣམ་པ་གསར་པ་སྔར་བས་གཏོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཡུན་རིང་གི་མཛུབ་སྟོན་དོན་སྙིང་ལྡན།
འཐབ་ཕྱོགས་གཅིག་གྱུར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཕྱོགས་སྟོན་དུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་དགོས།
李干杰受中共中央委托向党外人士通报中共二十届五中全会精神
11月2日,受中共中央委托,中共中央政治局委员、中央统战部部长李干杰向党外人士通报中共二十届五中全会精神。
李干杰表示,中共二十届五中全会是在基本实现社会主义现代化的关键时期召开的一次十分重要的会议。全会通过的《决定》,是推进新时代党的建设新的伟大工程的纲领性文件,对于进一步开创新时代管党治党、兴党强党新局面,团结带领全国各族人民以中国式现代化全面推进强国建设、民族复兴伟业,具有重大现实意义和长远指导意义。
统一战线要深入学习贯彻全会精神,把中共中央的决策部署转化为统一战线的政治共识和行动指南,进一步凝聚起为基本实现社会主义现代化而团结奋斗的强大力量。