ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། རིག་པ་གསལ་པོ་རྒྱུན་འཁྱོངས་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས། ཉིན་ཤས་རིང་བསྟུད་མར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཚང་མས་དངོས་དོན་གཉེར་བ་དང་མདུན་གྲལ་དུ་བསྐྱོད་ནས། ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཕན་འབྲས་གསར་པར་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། ཏང་སྟོབས་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྒྱུགས་ལན་གསར་པ་སྤྲོད་རྒྱུའི་བསམ་པ་བསྟན།

ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གིས་ལོ་ངོ100ལྷག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་མིག་བལྟས་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་བསྐྱངས་ནས་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་བསྟན་དོན། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རླབས་ཆེན་གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་གི་གསར་འགྱུར་མགྲིན་ཚབ་པ། གཞུང་དོན་ཐིང་གི་ཀྲུའུ་རེན་ལིའུ་ཧུང་ཧྭ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་བསམ་ཕྱོགས་གསར་པ་བཏོད་ཡོད། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས། སེམས་ཐག་གཙང་བཅད་ཀྱིས“སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཟེར།

ཚོང་དོན་པུའུ་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཉིན་རྒྱུན་བྱ་བའི་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་ཀུའུ་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པའི་བརྗིད་ཆེའི་ལག་ལེན་ཕྱོགས་སྡོམ་གཏིང་ཟབ་བྱས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་རྣམ་པ་གསར་པ་བཏོད་དེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་ཁ་ཕྱོགས་གསར་པ་དང་ནང་དོན་གསར་པ་བསྣན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་གོམ་པ་བརྟན་པོ་དང་སྐྱེ་སྟོབས་ཀྱི་དཔལ་འབར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་ཐུབ་པར་ཐེ་ཚོམ་མེད་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་བརྩི་སྲུང་གི་རྩ་དོན་བདུན་གསལ་བཤད་བྱས་པ་དང་། ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐོག་རང་རེའི་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་མཐའ་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱེད་པའི་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་ཆེན་པོ་བརྒྱུད་སྤྲོད་བྱས་པས། ཏང་འཛུགས་སྐྱོང་དེ་བདེན་སྲུང་ཁྲོད་གསར་གཏོད་དང་རྒྱུན་འཛིན་ཁྲོད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད།

ནོར་སྲིད་པུའུ་ལས་ཁུངས་ཏང་ཨུའི་ཧོང་ཕིང་གིས་བཤད་རྒྱུར། ནོར་སྲིད་པུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན། “རྒྱུན་འཁྱོངས་བདུན”ནོར་སྲིད་སྡེ་ཁག་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་ནོར་སྲིད་ཀྱི་རྨང་གཞི་དང་རྒྱབ་རྟེན་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གྲུབ་འབྲས་གསར་པས་ནོར་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་འགན་ལེན་བྱེད་དགོས་ཟེར།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཧུའུ་དབྱང་ཧུའེ་ཡིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་ཕན་འབྲས་དེ་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་དགོས། ཐོན་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ཟེར།

རང་བྱུང་ཐོན་ཁུངས་པུའུ་ཐད་གཏོགས་ལས་ཁུངས་ཀྱི་ལི་ཏུང་ཁའེ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》སློབ་སྦྱོང་དང་གོ་བ་ལོན་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། རང་བྱུང་ཐོན་ཁུངས་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་མཐུད་མཉམ་འདྲེས་དང་གཞི་གཅིག་ལ་སྐུལ་འདེད་བཏང་སྟེ་ཧུར་ཐག་གིས་རང་བྱུང་ཐོན་ཁུངས་ཀྱི“དོ་དམ་པ་ཆེན་པོ”དང་མཛེས་སྡུག་ལྡན་པའི་ཀྲུང་གོའི“སྲུང་སྐྱོང་པ”ཡག་པོ་ཞིག་བྱ་དགོས་ཟེར།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ། ལིའུ་ཞའོ་ཆིན་གྱིས་བཤད་རྒྱུར། བཟོ་ཚོགས་དེ་ཏང་གིས་ལས་བཟོ་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཡིན་པའི་ཆ་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་དེ་བཟོ་ཚོགས་ཀྱི་ཏང་འཛུགས་སྐྱོང་དང་ལས་བཟོའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་རྒྱ་ཆེའི་ལས་བཟོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བཟོ་ཚོགས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་འགན་ལེན་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཚང་མས་བསྟན་དོན། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་སྒོས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་ཆེའི་ཉམས་མྱོང་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཏང་འཛུགས་སྐྱོང་ཐད་འཕྲད་པའི་མངོན་གསལ་གྱི་གནད་དོན་བཅོས་སྒྲིག་དང་ཐག་གཅོད་ཡག་པོ་བྱེད་དགོས་ལ། ཏང་དོ་དམ་དང་ཏང་ནན་སྐྱོང་ལས་བྱུང་བའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་ལེགས་པོ་གཏོང་དགོས།

 མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི་དབྱིན་ཝེ་ཡིས་བཤད་རྒྱུར། ང་ཚོས་དམངས་འཚོ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་རྒྱུ་ནི་ཆབ་སྲིད་ཆེ་ཤོས་དང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་སྐྱོང་བྱས་འབྲས་ཆེ་ཤོས་སུ་བརྩིས་ཏེ། ཏང་ལ་བློ་དཀར་སེམས་དཀར་དང་དམངས་འཚོ་རྩ་བར་འཛིན་པ། མི་ཤུགས་དང་ནུས་པ་འདོན་པ།སྤྱོད་གཙང་དངོས་སྒྲུབ་བྱེད་པ་བཅས་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ལ། སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྟེན་ནས་ཚད་མཐའ་ཡོད་པར་བྱས་ཏེ། སྔར་ལས་ཡང་དག་གི་ཁྲིད་ཕྱོགས་ལ་བརྟེན་ནས་ངར་ཤུགས་སྐུལ་སློང་དང་། སྒྲིག་བཀུར་ཁྲིམས་སྲུང་ཁྲོད་ཏང་གཤིས་ཆེ་རུ་གཏོང་དགོས་པར་མ་ཟད། འགན་འཁུར་ཕོད་པའི་རྣམ་འགྱུར་བཟུང་སྟེ་ཏང་དོ་དམ་དང་ཏང་སྐྱོང་བའི་ཕན་འབྲས་དེ་དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བའི་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་དགོས་ཟེར།

རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཏང་འཛུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་། ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་།ལིའུ་ཞན་ཧྥེང་གིས་བཤད་རྒྱུར། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང《ཆོད་དོན》གྱི་བཀོད་སྒྲིག་སོ་སོའི་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཛུགས་པར་ཤུགས་སྣོན་པ་དང་། སྤྱོད་ཚུལ་ལེགས་སྒྱུར་དང་མཐོར་འདེགས་གཏོང་བའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཁོངས་གཏོགས་སུ་རྩ་བ་ཚུགས་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།

གུང་གཞོན་ཚོགས་པ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ལི་ཏི་ཡིས་བཤད་རྒྱུར། གུང་གཞོན་ཚོགས་པ་ནི་ཏང་གི་ལས་རོགས་པ་དང་རྗེས་གྲབས་དམག་ཡིན་པའི་ཆ་ནས་ངེས་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ཏང་འཛུགས་ཀྱིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་མོ་དང་བསམ་བློའི་སློབ་གསོ་ནན་མོ། རྩ་འཛུགས་ཀྱི་མ་ལག་ཇེ་དམ། སྤྱོད་ཚུལ་གྱི་སྣང་བརྙན་གཟབ་ནན། སྒྲིག་ཁྲིམས་དང་སྒྲིག་ལམ་ཚགས་དམ་པ། ལམ་ལུགས་ཀྱི་གཟེབ་རྒྱ་གཅུན་སྡོམ་དང་འགན་འཁྲི་དོན་འཁྱོལ་ཇེ་དམ་དུ་བཏང་བ་བཅས་ཀྱིས་ཆབ་སྲིད་ཀྱི་རང་བཞིན་དང་སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་ཆད་མེད་པར་སྲུང་འཛིན་དང་ཤུགས་དྲག་ཏུ་གཏོང་དགོས་ཟེར།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཨུའི་ཉིན་རྒྱུན་ཁག་བགོས་ལས་དོན་གྱི་ཧྲུའུ་ཅི་གཞོན་པ།ཀྲང་ཡན་ཧུང་གིས་བཤད་རྒྱུར། ང་ཚོས་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་ཤིང་། དད་སེམས་དང་ལག་ལེན་མངོན་འགྱུར་བྱེད་པ། གཞི་རིམ་རྩ་འཛུགས་དང་ལྷག་པར་དུ་གསར་དར་ཁྱབ་ཁོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་བུད་མེད་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་དགོས་ལ། རྒྱལ་ཁབ་སྟོབས་ལྡན་དུ་བཏང་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་ཆེད་བུད་མེད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཟེར།

ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡི་ཅུས་དྲུག་པའི་ཅུས་ཀྲང་།  ཀའོ་ཡན་གྱིས་བཤད་རྒྱུར། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། གསར་དར་ཁྱབ་ཁོངས་སུ་ཏང་གི་རྩ་འཛུགས་ཁྱབ་ཚད་དང་ལས་ཀའི་ཁྱབ་ཚད་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཞུགས་ཚོགས་པ་གསར་པའི་ཏང་འཛུགས་སྐྱོང་དང་ཞབས་ཞུའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱུ་མ་ཟད། གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཉིན་རྒྱུན་ཁག་བགོས་ལས་དོན་གྱི་ཧྲུའུ་ཅི་གཞོན་པ། ཝེ་ཏུང་གིས་བཤད་རྒྱུར། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ལས་ཁུངས་ཀྱིས་མ་ལག་ལ་བརྟེན་ནས་ལས་རིགས་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་དགོས་པའི་མི་ཚད་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་མོར་གཏོང་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ནན་མོར་གཏོང་བ་དང་མཐའ་གཅིག་ཏུ་ཇེ་དམ་དུ་གཏོང་བའི་རྣམ་པ་གྲུབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

​