
ཚང་འཛོམས་གྲོས་ཚོགས་སྟེང་ལོ་ངོ100ལྷག་གི་རིང་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འོད་སྟོང་ལྡན་པའི་ལོ་རྒྱུས་བཞུད་ལམ་ལ་ཕྱིར་བལྟ་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པའི་ཐད་བླངས་པའི་རླབས་ཆེན་གྲུབ་འབྲས་སྤྱི་སྡོམ་བྱས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོའི་བྱ་བ་ལེགས་པར་བསྒྲུབ་དགོས་ན་གནད་འགག་ནི་ཏང་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རེག་ལས། དུས་རབས་གསར་པའི་ལག་ལེན་རླབས་ཆེན་གྱིས“གཏན་འབེབས་གཉིས”ནི་ང་ཚོ་དཀའ་ཁག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། ངེས་གཏན་མེད་པའི་རང་བཞིན་མཐའ་དག་ལ་གདོང་གཏོད་པའི་ཆེས་ཆེ་བའི་ངེས་གཏན་རང་བཞིན་དང་གདེང་ཚོད་ཆེན་པོ། ཁག་ཐེག་གཙོ་བོ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།
ཅང་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ཕྱོགས་བསྡུས་འཆར་འགོད་ཁྲུའི་ཁྲུའུ་ཀྲང་། ཀྲའོ་ཅོན་གྱིས་བཤད་རྒྱུར།
ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཆོད་སེམས་བརྟན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་སྒོས་མངོན་ཡོད། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བཟུང་ནས། ནན་སྐྱོང་གི་གཞི་གདངས་དེ་བྱ་བའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ། ང་ཚོའི་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་བཅོས་སྐྱོང་གི་ཕན་ནུས་དངོས་སུ་བསྒྱུར་རྒྱུ་ཡིན།
ཞུང་ཨན་ཁུལ་གསར་ཚོང་དོན་དང་དངུལ་གཏོང་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་། སུང་ལི་ཧྥེང་གིས་བཤད་རྒྱུར།
ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ཧྲང་ཧའེ་ནུབ་ལམ་ཁྲོམ་གཞུང་དབྱིན་ཞིན་ཡོན་ནན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཆིན་ན་ཡིས་བཤད་རྒྱུར།
ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་རྒྱུ་ནི། གནའ་ནས་བཟུང་ཏང་འཛུགས་སྐྱོང་བྱེད་པའི་རྩ་དོན་གལ་ཆེན་ཞིག་ཡིན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕྱོགས་སོ་སོའི་བཀོད་སྒྲིག་ཚང་མ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། དངོས་སྒྲུབ་འགན་འཁྲི་འཁུར་སེམས་བཅངས་ནས《ཆོད་དོན》གྱི་བཀོད་སྒྲིག་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་བསྟན།
རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་ནས། ཆུ་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་ཡིན།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་རིམ་པ་བཞི་པའི་ཀྲུའུ་རེན་ཁོ་ཡོན། ཡོན་ཏན་སྒྲོལ་མས་བཤད་རྒྱུར།
ཚང་འཛོམས་གྲོས་ཚོགས་སྟེང་ཆབ་སྲིད་ཀྱི་ཉམས་སད་ཐེག་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན། ང་ཚོས་མི་བཀོལ་སྤྱོད་ཡང་དག་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་རྣམ་གྲངས་དམ་འཛིན་དང་། ཐོན་ལས་དར་སྤེལ། ཁོར་ཡུག་ལེགས་བཅོས་བཅས་ཀྱི་དངོས་སྒྲུབ་བྱེད་ཐབས་སུ་བསྒྱུར་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་གཞི་རིམ་དུ་དོན་འཁྱོལ་བྱེད་པར་འགན་སྲུང་བྱ་རྒྱུ་ཡིན།
ཧྲའན་ཞི་ཞིང་ཆེན་ཞི་ཨན་མཐོ་གསར་ཁུལ་འོད་རྡུལ་ཐོན་ལས་མུ་ཕྲེང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཧྥུང་གིས་བཤད་རྒྱུར།
ཚང་འཛོམས་གྲོས་ཚོགས་སྟེང་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་ཚགས་དམ་པའི་རྩ་འཛུགས་མ་ལག་འཛུགས་དགོས་ཞེས་ནན་གྱིས་བསྟན། ང་ཚོས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཇེ་དམ་དུ་བཏང་ནས། མུ་མཐུད་དུ་སྒྲིག་ཁྲིམས་དམ་འཛིན་དང་སྤྱོད་ཚུལ་ལེགས་བཅོས་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་འོད་རྡུལ་ཐོན་ལས་སྐྱེད་སྲིང་ལ་སྣེ་ཁྲིད་པ་དང་། སྤྱོད་སྟངས་ནན་མོར་བརྟེན་ནས་ཁེ་ལས་ལ་ཞབས་འདེགས་དང་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ། ཐོན་ལས་མུ་ཕྲེང་གི་སྟོད་སྨད་རྒྱུད་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏང་རྒྱུ་ཡིན།