ལི་ཆང2026ལོའི་འཛམ་གླིང་སྦྲེལ་དྲའི་ཚོགས་ཆེན་ཝུའུ་ཀྲེན་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།
ཚེས3ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀྲེ་ཅང་ཝུའུ་ཀྲེན་དུ2026ལོའི་འཛམ་གླིང་སྦྲེལ་དྲའི་ཚོགས་ཆེན་ཝུའུ་ཀྲེན་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་།
ལི་ཆང་གིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས2015ལོའི་འཛམ་གླིང་སྦྲེལ་དྲའི་ཚོགས་ཆེན་སྟེང་བཏོན་པའི་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྲུན་རྒྱུ་དེས།  སྦྲེལ་དྲའི་འཕེལ་རྒྱས་དང་བཅོས་སྐྱོང་གི་གནད་དོན་ཐག་གཅོད་པར་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས།  གོ་སྐབས་འདི་དང་བསྟུན་ནས་ངས་ཚང་མ་དང་ཕྱོགས་གསུམ་གྱི་བསམ་གཞིགས་མཉམ་སྤྱོད་བྱེད།

གཅིག   སྦྲེལ་དྲའི་འཕེལ་རྒྱས་དེ་རིག་ནུས་ཅན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་མཆོང་སྤོ་བརྒྱུད་བཞིན་ཡོད་ཅིང་།  དེ་ནི་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་བྱ་ཐབས།  ཆ་འཕྲིན་གྱི་གཞི་རྟེན་ཙམ་མ་ཡིན་པར།  འཚོ་བ་སྐྱེལ་སྟངས་གསར་རྐྱང་ཞིག་དང་ཐོན་ལས་འཕོ་འགྱུར་གྱི་སྒུལ་ནུས་ཤིག   རིག་ནུས་ཐོན་སྐྱེད་ཀྱི་སྟོབས་ཤུགས་ཤིག་ཡིན་པས།   དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

གཉིས།  དེང་གི་དུས་རབས་སུ་སྦྲེལ་དྲའི་འཕེལ་རྒྱས་ལ་མི་རྩ་བར་འཛིན་པའི་རིན་ཐང་གི་ལྟ་བ་སྔར་བས་མངོན་གསལ་དོད་པོ་ཡོད་དགོས།  ང་ཚོས་དྲ་རྒྱའི་བར་སྟོང་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུའི་གྲོས་འགོ་བཏོན་པ་ནི་སྦྲེལ་དྲའི་འབྲེལ་ཡོད་ལག་རྩལ་གྱིས་མིའི་ནུས་པ་ཆེ་རུ་གཏོང་བ་དང་། མིའི་གདམ་གསེས་རྒྱ་སྐྱེད་པ།  མིའི་རིན་ཐང་མངོན་པ།  མིའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ལ་རེ་བ་བཅང་ཡོད་པ་ལས།  མི་རྣམས་ལག་རྩལ་གྱི་ཟུར་གཏོགས་སུ་འགྱུར་དུ་འཇུག་མི་རུང་ཞིང་།  ལག་རྩལ་གྱིས་མིའི་རིགས་འཕེལ་རྒྱས་ཀྱི་གྱེས་འགྱུར་སྔར་བས་ཚབས་ཆེ་རུ་གཏོང་དུ་འཇུག་མི་རུང་།  
གསུམ།  ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོང་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་དགོས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་མདུན་སྐྱོད་བྱེད་དགོས།  ཚན་རྩལ་ནུས་སྐྱེད་རྒྱུན་འཁྱོངས་བྱས་ཏེ།  སྒོ་འབྱེད་དང་བསྟུན་མཁས།  གསོན་ཤུགས་ཀྱིས་ཁེངས་པའི་གྲངས་འཛིན་གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་ནས། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས།  ཡིད་རྟོན་རུང་བ་དང་ཚོད་འཛིན་ཐུབ་པ་མཐའ་འཁྱོངས་བྱས་ཏེ།  དཀའ་ངལ་མཉམ་སེལ་གྱིས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏོད་པ་དང་གྲངས་འཛིན་གྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས།  ཀུན་ཕན་དོ་སྙོམས་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་གྲངས་འཛིན་ནུས་པ་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།  སྒོ་འབྱེད་གླེང་མོལ་མཐའ་འཁྱོངས་བྱས་ཏེ། ཕྱོགས་མང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། གོ་ལ་ཧྲིལ་པོའི་སྦྲེལ་དྲའི་བཅོས་སྐྱོང་དེ་སྔར་བས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

སི་ཕེན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཏི་ཡ་སི་སོགས་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

རྒྱལ་ཁབ་མང་པོའི་སྲིད་ཚོང་སློབ་གསུམ་གྱི་འཐུས་མི་ཕལ་ཆེར1800མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོའི་རྗེས་སུ། ལི་ཆང་གིས་སྦྲེལ་དྲའི་འོད་སྣང་འགྲེམས་ཚོགས་དང་ཝུའུ་ཀྲེན་འཛམ་གླིང་སྦྲེལ་དྲའི་ཚན་རྩལ་ཁང་ལ་སྐོར་ཞིབ་གནང་།

ལི་ཧྲུའུ་ལེ་གོང་གསལ་གྱི་བྱེད་སྒོར་ཞུགས།