ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་རང་རེའི་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་མུ་མཐུད་ཚུར་སྣང་ཆེན་པོ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

བསྟུད་མུར་ཉིན་འགའི་རིང་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་མུ་མཐུད་དུ་དོ་སྣང་ཆེན་པོ་བྱུང་།

ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི། རང་རྒྱལ་འཕེལ་རྒྱས་གཏོང་བའི་གནད་འགག་མཚམས་སུ་ཚོགས་པའི་ལོ་རྒྱུས་རང་བཞིན་གྱི་གྲོས་ཚོགས་ཤིག་ཡིན་ཞིང་། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་སྒོས་མཚོན་པར་མ་ཟད། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་མཐའ་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་མངོན་གསལ་སྒོས་མཚོན་ཡོད་པར་འདོད། ཚང་མས་ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་དོན་ལྡན་ལ་བརྟེན་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་་བྱེད་པརརྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་ནས། བྱ་གཞག་སོ་སོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུའི་བསམ་པ་བསྟན།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཝུན་མིང་གིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཁྱོན་ཡོངས་ལ་རྐང་བཙུགས་པ་ལས། ལོ་བརྒྱའི་ཏང་ཆེན་པོའི་ནམ་ཡང་གསོན་ཤུགས་རྒྱས་པའི་རིག་པ་གསལ་པོའི་བློ་རྩ་བརྟན་པོ་གང་ལེགས་ཀྱིས་མངོན་ཡོད། རང་ཉིད་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་མཐུད་ངང་ཟབ་སྤེལ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྱི་ཐུན་མོང་བཅོས་སྐྱོང་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱ་རྒྱུ་དང་། དགོས་པའི་ལས་མི་བྱེད་དང་མི་དགོས་ལས་རྙོག་བཟོ་བ་འི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ། སྤྱོད་ཚུལ་ནན་མོར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་འབད་པ་བྱ་རྒྱུ་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་བརྒྱད་པའི་ཀྲུའུ་རེན་ལུའོ་ཅུན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུར་དམིགས་ནས། ཏང་གི་རང་ངོས་གསར་བརྗེའི་མཆོག་ནོར་གལ་ཆེན་འདིར་འགྲེལ་བཤད་ཟབ་མོ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་བཀོད་སྒྲིག་བྱས་ནས། ང་ཚོ་ཏང་ཡོན་ལས་བྱེད་པར་ཚད་གཞི་གཏན་འཁེལ་དང་ཁ་ཕྱོགས་གསལ་བོར་བསྟན་ཡོད། ངས་ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ། སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་གྱོད་གཞི་ཚང་མ་ཡག་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་དང་། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་དངོས་སྒྲུབ་འགན་འཁྲིར་བརྟེན་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འཁྲུལ་མེད་ངང་དོན་འཁྱོལ་བྱ་རྒྱུ་ཡིན།

མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་བཟོ་ལས་དང་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་མེ་ལིང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བཟོ་ལས་དང་ཆ་འཕྲིན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་ནས། གཟབ་ནན་གྱི་རྩ་བའི་དགོངས་དོན་ཐོག་ནས་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ་དང་རང་རྟོགས་སྒོས་ཁེ་ལས་ལ་ཞབས་འདེགས་ཞུ་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཐོན་ལས་མུ་ཕྲེང་བརྟན་པོ་ཡོང་བར་བྱེད་པ། མུ་ཕྲེང་གསབ་པ། མུ་ཕྲེང་སྟོབས་ལྡན་དུ་གཏོང་བ་བཅས་དམ་འཛིན་ནན་མོ་བྱེད་པ། ཆེད་ལས་སྤུས་ལེགས་དང་དམིགས་བསལ་ཁྱད་གསར་ཁེ་ལས་གསར་པར་རོགས་སྐྱོར་བྱེད་པ། སྲོལ་རྒྱུན་ཐོན་ལས་ཚུར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་བཟོ་ལས་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིག་མཐོང་ལག་ཟིན་གྱི་ཐོན་ལས་གྲུབ་འབྲས་ལ་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱ་རྒྱུ་ཡིན།

བཀོད་སྒྲིག་གིས་མི་སེམས་ལ་ངར་ཤུགས་བསྩལ། དུང་བརྡས་ཀུན་ལ་མདུན་སྐྱོད་སྐུལ་མ་བཏང་།  ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱས་ནས། ཡིད་ཆེས་ཇེ་བརྟན་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏང་རྒྱུའི་བསམ་པ་བསྟན།

བན་དེ་སྐྱབས་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།