ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་ཧའེ་ནན་དང་། ཧྲའན་ཞི། ཧོ་ནན་སོགས་སུ་སོང་ནས་སྒྲོག་བཤད་བྱས་པར་མ་ཟད། གཞི་རིམ་དུ་བསྐྱོད་ནས་ལས་བྱེད་མང་ཚོགས་དང་སྤེལ་རེས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་རྒྱུན་གཏན་ལས་དོན་གྱི་ཁག་བགོས་ཀྲུའུ་རེན་གཞོན་པ་མོང་ཞང་ཧྥུང་གིས་ཉེ་ཆར་ཧའེ་ནན་དུ་སྒྲོག་བཤད་སྙན་ཞུ་བྱས། མོང་ཞང་ཧྥེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་གཞི་བཙུགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན། སྤྱིའི་བླང་བྱ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་སོགས་ཀྱི་ཐད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འགྲེལ་བཤད་ཞིབ་མོ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་གཞུང་སྒྲུབ་ཐིང་རྒྱུན་གཏན་ལས་དོན་གྱི་ཁག་བགོས་ཀྲུའུ་རེན་གཞོན་པ་མོང་ཞང་ཧྥུང་གིས་བཤད་རྒྱུར། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་ཤེས་ཟབ་མོ་རྙེད་དགོས་པ་དང་། ང་ཚོའི་ཏང་གིས་དུས་ཡུན་ཇི་ཙམ་རིང་བོར་སྲིད་བསྐྱངས་ན། དུས་ཡུན་དེ་ཙམ་རིང་དུས་བདེ་ཞོད་འཇགས་ཡིན་དགོས་ལ། ཁོར་ཡུག་ཅི་ཙམ་རྙོག་འཛིང་ཡིན་ན། དེ་ལས་ལྷག་པའི་སེམས་ཁུར་འདུ་ཤེས་ཆེར་བསྐྱེད་བྱས་ཏེ་བདེ་སྡོད་ཉེན་བསམ་བྱ་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། དོན་དངོས་ཐོག་རང་རེའི་ཏང་འདི་ཉིད་འཛུགས་སྐྱོང་བཟང་བོ་དང་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་དགོས་ཟེར།

མོང་ཞང་ཧྥུང་ད་དུང་སན་ཡ་གྲོང་ཁྱེར་ཅི་དབྱང་ཁུལ་པའོ་ཧོའུ་གྲོང་ཚོར་བསྐྱོད་དེ་མཉམ་འགུལ་སྒྲོག་བཤད་བྱས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་གཞིར་བཟུང་ནས་ས་གནས་དེ་གའི་ཏང་ཡོན་དང་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གི་རྒྱུན་གཏན་ལས་དོན་གྱི་ཁག་བགོས་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ཞིང་སྡེ་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཧན་ཝུན་ཞིའུ་ཡིས་ཧྲའན་ཞིས་སུ་སྒྲོག་འགྲེལ་སྙན་ཞུ་བྱས། ཧན་ཝུན་ཞིའུ་ཡིས་ཞིས་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་རྩ་དོན་ལ་རྒྱས་བཤད་གཏིང་ཟབ་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་ངོས་ཟིན་དང་མྱོང་ཚོར་གླེང་།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གིས་རྒྱུན་གཏན་ལས་དོན་གྱི་ཁག་བགོས་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ཞིང་སྡེ་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཧན་ཝུན་ཞིའུ་ཡིས་བཤད་རྒྱུར།《ཆོད་དོན》ནང་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་ལ། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་མཚོན་ལ། དུས་རབས་གསར་པའི་གྲོང་གསེབ་ཀྱི་ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད། ངེས་པར་དུ་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་ཏེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཟེར།

ཧན་ཝུན་ཞིའུ་ད་དུང་ཞི་ཨན་གྲོང་ཁྱེར་ཧུའུ་དབྱི་ཆུས་ལི་ཡུས་ཁོའུ་གྲོང་ཚོར་སོང་ནས་སྒྲོག་བཤད་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་དྲུང་ཡིག་ཆེན་མོ་ཟུར་པ་ཙང་ཨན་མིན་གྱིས་ཧི་ནན་དུ་སྒྲོག་བཤད་སྙན་ཞུ་བྱས། ཙང་ཨན་མིན་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ནས། “ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན”སོགས་ཀྱི་ཐད་ནས་འགྲེལ་བཤད་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་དྲུང་ཡིག་ཆེན་མོ་ཟུར་པ་ཙང་ཨན་མིན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས་ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་། ཅི་ཞིག་བྱེད་དགོས་པའི་རྩ་བའི་རང་བཞིན་གྱི་གནད་དོན་འདི་གསལ་བཤད་གཏིང་ཟབ་བྱས་ཡོད་ལ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཇི་ལྟར་བྱ་རྒྱུ་དང་། གནད་དོན་གལ་ཆེན་རབ་དང་རིམ་པ་ཇི་ལྟར་བསྒྲུབ་རྒྱུ་བཅས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་ཡོད། ལག་ལེན་ཁྲོད་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྱི་ཏང་སྐྱོང་གཞུང་ལུགས་འཕེལ་རྒྱས་གཏོང་ཕྱིར་ཐོག་མའི་གསར་གཏོད་རང་བཞིན་དང་རྒྱ་བསྐྱེད་རང་བཞིན་གྱི་བྱས་རྗེས་གལ་ཆེན་བཞག་ཡོད།

ཙང་ཨན་མིན་ད་དུང་ཀྲེང་ཀྲོའུ་ཅིན་ཁའེ་ཁུལ་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་སྡེ་ཁུལ་དུ་སོང་སྟེ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་མང་ཚོགས་དང་མཉམ་འགུལ་རྣམ་པའི་བཞུགས་མོལ་དང་སྒྲོག་བཤད་བྱས།