
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ཏུ་བསྟར་ཏེ། 《 སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་ལག་བསྟར་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་སྟེ། ཞིང་ཆེན་ཏང་ཨུ་དང་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐོར་ཐེངས་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་ཅན་ལྟ་ཞིབ་སྐོར་དང་པོ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།
ཞིང་ཆེན་ཆེན་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གིས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ། རྨ་ལྷོ་ཁུལ་བཅས་ལ་འཆར་ཅན་གྱི་ལྟ་ཞིབ་བྱས་པ་དང་། བཅའ་སྡོད་བྱེད་པའི་དུས་ཡུན་ཉིན་བཅུ་ཡིན། ལྟ་ཞིབ་ཚན་ཆུང་གིས་གནད་དོན་གྱི་ཕྱོགས་སྟོན་དང་རྩ་དོན་ནན་མོ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་ཞིང་ཁྲིམས་ལྟར་གནད་དུ་ཁེལ་བར་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་འབུར་ཐོན་དང་ནན་ཏན་བཅས་ཀྱི་སྒོ་ནས་ལྟ་ཞིབ་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། བཅའ་སྡོད་བྱེད་པའི་སྐབས་སུ། ལྟ་ཞིབ་ཚན་ཆུང་སོ་སོས་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ། ཞུ་གཏུག་རྩ་གཉིས་ཨང་བཤེར་བཅས་སོ་སོར་བཙུགས་ནས་ལྟ་ཞིབ་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འཕྲིན་ཡིག་དང་ཁ་པར་དྲ་རྒྱའི་ཞུ་གཏུག་བདག་སྤྲོད་བྱས།