
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉིན་ཤས་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་དེ། 《ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱའི་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ལ། 2027ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》གི་དམིགས་ཡུལ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱ་སྲུང་སྐྱོབ་བྱ་རྒྱུ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱའི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིག་གནས་དར་སྤེལ་གཏོང་བ་དེ་ཡིན་ལ། གཙོ་བོར་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད།
གཅིག་ནི་སྤྱིའི་བླང་བྱ་ཁ་གསལ་བཟོ་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱའི་ཁྱབ་ཁོངས་གཏན་འཁེལ་བྱས་ནས་སྲུང་སྐྱོབ་བྱ་བའི་རྩ་དོན་འདོན་དགོས།
གཉིས་ནི་ཕྱོགས་ཡོངས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱ་སྔོག་འདོན་དང་ལེགས་སྒྲིག་བྱེད་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱ་སྲུང་སྐྱོབ་བྱེད་པའི་གཞི་གྲངས་མཛོད་འཛུགས་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱ་འཛིན་མཁན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
གསུམ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱ་གལ་ཆེན་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་བཅས་ལ་ཤུགས་སྣོན་དགོས། སྲུང་སྐྱོབ་ཀྱི་མིང་ཐོ་བཟོ་བ་དང་སྲུང་སྐྱོབ་ཀྱི་མིང་ཐོའི་ནང་བཅུག་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲོལ་རྒྱུན་ཤེས་བྱ་རྒྱུན་འཛིན་དང་ཁྱབ་སྤེལ་ལ་རྒྱབ་སྐྱོར་བྱས་ནས། ཁྱབ་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་པ་དང་ཞིབ་འཇུག་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། གཞན་ད་རུང《སྲོལ་ཡིག》དང་འགལ་བའི་བྱ་སྤྱོད་ལ་བབ་མཐུན་གྱི་བཅའ་ཁྲིམས་འགན་འཁྲི་གསལ་པོ་བཟོས་ཡོད།
བསོད་དོན་གྱིས་བསྒྱུར།