
ཟླ11པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལི་ཡ་ན
ཞི་ཅིན་ཕིང་གིས་བསྟན་དོན། པུར་ཀ་རི་ཡ་ནི་འཛམ་གླིང་སྟེང་ཀྲུང་གོ་གསར་པ་དང་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཨང་གཉིས་པ་ཡིན་ལ། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ། གཉིས་ཕན་མཉམ་རྒྱལ་བཅས་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་རང་མདངས་མངོན་གསལ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་བས། འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ངས་ཀྲུང་པུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པས་སྲིད་འཛིན་ཡུའེ་ཐུའོ་ཝ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་དུ་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་རྒྱུར་ཁྲིད་སྟོན་བྱས་ཏེ་སྔར་ལས་ཧུར་ཐག་དངོས་སྒྲུབ་དང་གསོན་ཤུགས་ཀྱིས་ཕྱུག་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་བཏོད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་བདེ་བསྐྲུན་འདོད་ཡོད།