
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《དབུལ་སེལ་དབུལ་ཐར་སྐོར་གླེང་བ》ཞེས་པའི་དཔེ་ཆ་ཉེ་ཆར་ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།
ཆེད་དོན་གསུང་རྩོམ་ཕྱོགས་བསྒྲིགས་འདིར། བློ་མཐུན་ཞི་ཅིན་ཕིང་གི་དབུལ་སེལ་དབུལ་ཐར་སྐོར་གྱི་རྩོམ་ཡིག་གལ་ཆེན55བསྡུས་ཤིང་། དེའི་ནང་རྩོམ་ཡིག་ཁག་ཅིག་ཐེངས་དང་པོར་སྒྲོག་སྤེལ་བྱས་པ་རེད།
དབུལ་ཕོངས་མེད་པར་བཟོ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་བསམ་ཡིན། དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་བཅོས། ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན་གལ་ཆེན་ཡང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་འབུར་ཐོན་གནས་བབ་ཏུ་བཞག་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མཐའ་ཚད་ལས་འགན་ལ་བརྩིས་ཏེ། རྔམ་བརྗིད་ཆེ་བའི་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་སྒྲིག་འཛུགས་བྱས་པར་མ་ཟད་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ནས། དབུལ་པོ་དབུལ་རྐྱང་གི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ནས་མིའི་རིགས་ཀྱི་དབུལ་སེལ་ལོ་རྒྱུས་ཐོག་གི་ངོ་མཚར་བསྐྲུན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སེལ་ལམ་བུའི་ཐོག་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སེལ་གྱི་རིགས་པའི་གཞུང་ལུགས་ཤིག་ཆགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་དབུལ་སེལ་དབུལ་ཐར་ལ་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཞིང་། རང་རྒྱལ་གྱི་གནས་ཚུལ་ལ་གཞི་ཚུགས་ནས། དབུལ་སེལ་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱ་རྒྱུ་ནི་རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་དབུལ་ཕོངས་ལ་རྒོལ་བའི་གཞུང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་ཞིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་དབུལ་ཕོངས་ལས་ཐར་ཞིང་མཉམ་དུ་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།