​ཞི་ཅིན་ཕིང་གིས་མི་དམངས་ཁྲིམས་ཁང་གི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
ཁུངས། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མི་དམངས་ཁྲིམས་ཁང་གི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཉེས་གསོག་ལ་ཆད་གཅོད་དང་མི་དམངས་ལ་སྲུང་སྐྱོབ། རྩོད་གཞི་ཐག་གཅོད། དྲང་གཞག་ལ་སྲུང་སྐྱོང་བཅས་ཀྱི་འགན་ནུས་ལག་བསྟར་བྱས་ཏེ། སྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་བཅས་ལ་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད་པ་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས། ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་ངང་འདྲི་གཅོད་དབང་ཆ་སྤྱོད་རྒྱུ་རྒྱུན་འཁྱོངས་དང་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། དྲང་གཞག་དང་ཆོད་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་འཛུགས་སྐྱོང་བྱེད་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས་ཤིང་། བློ་དཀར་སྤྱོད་གཙང་ཁུར་ལེན་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་བསྐྲུན་ཏེ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ལེགས་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་དྲང་གཞག་ལ་བཟུང་བའི་ཐོབ་སྣང་མུ་མཐུད་དུ་ཆེ་རུ་གཏོང་དགོས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས།