
ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། 2026ལོའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མེ་ཟོན་གྲོས་མོལ་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། དེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་གནས་བབ་ལ་སྔར་བས་དབྱེ་ཞིབ་དང་བརྡར་ཤ་གཅོད་དགོས་ལ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་དང་སེལ་བ། རིགས་སོ་སོའི་གནོད་འཚེ་དང་ལས་འཛོལ་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས། ལིའུ་ཁྲའོ་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་ལེན་དུ་བསྟར་ནས་མཐོ་སྒང་དུ་རྩ་བ་ཚུགས་ཤིང་། རུ་ཁག་ནན་སྐྱོང་བྱས་ཏེ། མེ་གསོད་རོགས་སྐྱོབ་དང་། ཆུ་ལོག་སྔོན་འགོག་དང་ཉེན་ཁ་མྱུར་སེལ། ཡོམ་འགོག་རྒུད་སྐྱོབ་སོགས་བྲེལ་དཀའ་ཉེན་ལྕི་བཞིའི་ལས་འགན་ཁག་གི་ཉམས་སད་ཐེག་ཐུབ་དགོས་ལ། བློ་དཀར་དང་རྔུལ་ཆུར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་བརྟན་བརླིང་ཡོང་བར་བྱས་རྗེས་མི་དམན་པ་བཞག་ཡོད།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མེ་ཟོན་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱིས་སྣེ་ཁྲིད་དེ། མེ་ཟོན་བདེ་འཇགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་མེ་གསོད་རོགས་སྐྱོབ་ཀྱི་སྟོབས་ཤུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་དགོས་ལ། རིག་ལྡན་མེ་ཟོན་འཛུགས་སྐྱོང་བྱ་རྒྱུ་དེ་རིག་ལྡན་གྲོང་ཁྱེར་འཛུགས་སྐྱོང་དང་ནུས་སྩོལ་གཞི་རིམ་བཅོས་སྐྱོང་བྱེད་ཁོངས་སུ་འཇུག་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་འགུལ་སྐྱོད་མཇུག་བསྒྲིལ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། མེ་ཟོན་བདེ་འཇགས་དེ་གཅིག་སྡུད་ཀྱིས་ཆེད་དོན་བཅོས་སྒྲིག་ནས་རྒྱུན་རྣམ་ཅན་དང་མ་ལག་ལྡན་པའི་བཅོས་སྐྱོང་དུ་འགྱུར་དགོས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་འདེགས་སྐྱོར་བྱས་ཏེ། ཞང་དང་གྲོང་རྡལ་གྱི་མེ་ཟོན་རྩ་འཛུགས་དེ་སྟོབས་ཆེར་གཏོང་བ་དང་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་དངོས་ཡོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། གཙོ་གནད་ཉེན་ཁའི་གནས་ལ་དམ་པོར་དམིགས་ཏེ་དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་བདེ་འཇགས་ཀྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱེད་དགོས། མཐོ་སྒང་གི་དམིགས་བསལ་ཁོར་ཡུག་དང་འཚམ་པའི་མེ་ཟོན་རོགས་སྐྱོབ་ཀྱི་ཧྲག་དམག་བཟོས་ཏེ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པ་དང་སྒྲིག་ཆས་འཕྲོད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། མེ་ཟོན་རོགས་སྐྱོབ་ཀྱི་འཐབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དགུན་དུས་ཀྱི་མེ་ཟོན་བདེ་འཇགས་དང་ཡུས་ཧྲུའུ་རྫ་སྟོད་རྫོང་གི་གནོད་ཤུལ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཁག་སྤྱི་འདོམས་ཡག་པོ་བྱས་ཏེ། ཁྱབ་ཁོངས་ཁག་གི་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་ཐག་གཅོད་གཏིང་ཟབ་བྱས་ནས། བདེ་འཇགས་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།
ཚོགས་འདུ་ལས་ས་གནས་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་མེ་ཟོན་ལས་དོན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་། ཆེད་ལས་ཀྱི་འགག་སྒྲོལ་ཐག་གཅོད་དཔུང་ཁག་དེ་སྟོབས་ཆེན་དང་ལེགས་འཛུགས་བྱ་དགོས་ལ། མགྱོགས་མྱུར་གྱིས་དང་ལེན་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མེ་ཟོན་དང་འཕྲལ་བསྟུན། སྤྱི་བདེ་སོགས་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ནན་མོར་འཁུར་དགོས་ལ། “དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་མཐའ་གཅིག་ཏུ་ཇེ་བརྟན་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།