
ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲོན་དང་ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲུན་ཡུང་། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་། དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི53གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། དབྱང་ཧྥིན་ཁྲོན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
ཚོགས་ཐོག་ནས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་དམངས་གཉེར་དཔལ་འབྱོར་ཡར་སྐུལ་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་སྲ་གཟུགས་ཟོག་རོའི་བཙོག་བཟོ་འགོག་བཅོས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གསལ་བཤད་བཅས་ལ་ཉན། 《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་ཆོད་དོན》སྐོར་གྱི་གསལ་བཤད་དང་།《མཚོ་ཤར་གྲོང་ཁྱེར་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》སྐོར་གྱི་གསལ་བཤད། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད་བཅས་ལ་ཉན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་ཡིས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་སྲིད་འཛིན་ཞིབ་དཔྱོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། ཞིང་ཆེན་མི་དམངསས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱ་བའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ལོ་ཧྲིལ་བོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་སྐུལ་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་གིས་ཕུལ་བའི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ཚོང་དོན་ཐིང་བཅས་ཀྱི་འགན་ཁུར་པའི་འགན་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་སྲ་གཟུགས་ཟོག་རོའི་བཙོག་བཟོ་འགོག་བཅོས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་།《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་ཉོ་ཚོང་། ཟས་སྤྱོད་བྱེད་པ་འགོག་པའི་སྐོར་གྱི་ཆོད་དོན》གྲོས་ཞིབ་བྱེད་པར་སྤྲད་ནས་མེད་པར་བཟོ་བའི་སྐོར་གྱི་གྲོས་གཞི་དཔར་འགྲེམ་བྱས། 《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་ཆོད་དོན》སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། 《མཚོ་ཤར་གྲོང་ཁྱེར་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི〈མཚོ་ཤར་གྲོང་ཁྱེར་གྱི་ལྗང་མདོག་བབ་སྡོད་གྲོང་ཁྱེར་འཛུགས་སྐྲུན་གྱི་ཡར་སྐུལ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་ཆོད་དོན》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཧི་ནན་སོག་རིགས་རང་སྐྱོང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི〈ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག〉མེད་པར་བཟོ་རྒྱུའི་ཆོད་དོན》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཧི་ནན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི〈ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག〉མེད་པར་བཟོ་བའི་ཆོད་དོན》སྐོར་གྱི་ཞིབ་བཤེར་སྙན་ཞུ།《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་པར་འགྲེམས་བྱས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་རྩིས་བཤེར་ཐིང་བཅས་ཀྱི་འགན་འཁུར་བའི་འགན་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ་པར་འགྲེམ་བྱས། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་བསྡུ་བའི་སྐོར་གྱི་ཆོད་དོན(འཆར་ཟིན)》དཔར་འགྲེམ་བྱས།
ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།