ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

 ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ཟླ་བ་ཁ་ཤས་ནང་པེ་ཅིང་ནས་ཝ་ཧྲིང་ཐོན་བར་ང་དང་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས། “ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་བརླིང་འབྲེལ་བའི”གནས་བབ་གསར་པ་གཏན་འཁེལ་བྱས། དེར“བརྩི་འཇོག་དང་། དྲང་གཞག  འདྲ་མཉམ”བཅས་རྨང་གཞིར་བྱས་པའི་ནང་དོན་གསར་པ་བསྣན་པར། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡིན་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན་ཡོད་ལ། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་ཡང་བསྩལ་ཡོད། ངས་སྲིད་འཛིན་ཐི་ལིང་ཕུའུ་དང་ལྷན་དུ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་མུ་མཐུད་དུ་ཁ་ཕྱོགས་སྟོན་པ་དང་། གྲུ་གཟིངས་ཆེན་པོ་འདི་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འགྲུལ་ལམ་བརྒྱུད་དེ་གྲུ་གཡོར་བསྒྲེངས་ནས་རྒྱང་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་བརླིང་གི་འབྲེལ་བ་འཛུགས་རྒྱུ་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། སྒྲུབ་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། ཏན་ཏན་ཏིག་ཏིག  ལེགས་སྒྲུབ་ལེགས་འགྲུབ་བཅས་བྱེད་དགོས། ཀྲུང་གོ་དང་ཨ་རིའི་གཙོ་འཛིན་གྱི་ཕྱི་འབྲེལ་སྣེ་ཁྲིད་ནུས་པ་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། མིག་སྔའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོའི་ངང་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་མཐུད་པའི་འགག་རྩ་ནི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་ཐོག་དོན་འཁྱོལ་བྱེད་པའི་འགུལ་སྐྱོད་སྤེལ་བར་ཐུག་ཡོད། ཕྱོགས་གཉིས་ཀྱི་ཚོགས་པའི་འབྲེལ་འདྲིས་ཀྱིས་ཀྱང་རྗེས་ཆོད་པར་བྱེད་དགོས། མཉམ་ལས་གསལ་ཐོ་སྣུར་འཐེན་དང་གནད་དོན་གསལ་ཐོ་ཇེ་ཉུང་དུ་གཏོང་བ། བར་སྐབས་ཤིག་ལ་ཐག་གཅོད་མི་ཐུབ་པའི་འགལ་ཟླ་ལ་དགེ་མཚན་ལྡན་པའི་དོ་དམ་ཚོད་འཛིན་བྱས་ཏེ་འགལ་བ་རིམ་འཕར་ཡོང་བར་སྔོན་འགོག་བྱ་དགོས། ཐའེ་ཝན་གྱི་གནད་དོན་ཐད་ནས། ཨ་རི་ཕྱོགས་ཀྱིས་ཡང་དག་པའི་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་འགལ་རྐྱེན་ཆེན་པོ་མི་འབྱུང་བ་བྱ་དགོས། དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་དོ་ཁུར་བྱ་ཡུལ་ཐག་བཅད་དེ་གཉིས་ཁེ་མཉམ་ཕན་ཡོང་བར་བརྩོན་ལེན་བྱ་དགོས། རྒྱལ་ཁབ་གཉིས་ཀྱིས་དུག་འགོག་དང་། ཁྲིམས་འགལ་གྱི་གནས་སྤོར་ཡུལ་མི་ཕྱིར་སྐྱེལ། གློག་འཕྲིན་དང་དྲ་རྒྱའི་བསླུ་བྲིད་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་པ་དང་། བརྩི་འཇོག་དང་། འདྲ་མཉམ། ཆ་མཚུངས་བཅས་ཀྱི་རྩ་དོན་ལ་གཞིགས་ནས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ཆོག  ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱས་ཏེ། མི་ཐབས་རིག་ནུས་དེ་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱིས་ཚོད་འཛིན་བྱེད་པར་འགན་ལེན་བྱེད་དགོས་ཞེས་གསུངས།

 ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་མཇལ་འཕྲད་གནང་།

 ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་མཇལ་འཕྲད་གནང་།

ཐི་ལིང་ཕུའུ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་ཁོ་ལ་སྤྲོ་སེམས་འཁོལ་བའི་སྣེ་ལེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་།  ཁོས་འབྲེལ་བ་བཙུགས་ནས་ལོ40ལྷག་གི་རིང་ཨ་རི་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པ་དང་མཛའ་མཐུན་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ནས། ཨ་རི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་གི་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཧྥིན་ཐའེ་ཉི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་ཀྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་གོང་དུ་འཕེལ་ཚུལ་རྒྱུན་འཁྱོངས་བྱ་དགོས་ལ། ཞིང་ལས་ཐོན་རྫས་དང་། ནུས་ཁུངས། རིམ་འདས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། རང་སའི་དོ་ཁུར་བྱེད་སར་དྲང་གཞག་ངང་ཐག་གཅོད་ཡག་པོ་བྱེད་དགོས་ལ།  ཨ་རིས“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད། ཀྲུང་གོའི་ཕྱོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུ། ཨ་རི་ཧ་ཅང་སྟོབས་ཆེ་ལ། ཀྲུང་གོ་ཡང་སྟོབས་ཆེ། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གིས་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཕྱོགས་གཉིས་ཀྱིས་ཐེངས་འདིའི་མཇལ་འཕྲད་ནི་དགེ་མཚན་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པ་ཞིག་ཡིན་པར་འདོད་ལ། དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་གི་འབྲེལ་བའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ངོས་འཛིན་གཅིག་མཐུན་སྒོས་དོན་འཁྱོལ་བྱས་ཏེ། བརྩི་འཇོག་དང་། འདྲ་མཉམ། ཆ་མཚུངས་བཅས་ལ་བརྟེན་པའི་ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་གི་འབྲེལ་བ་འཛུགས་པར་མོས་མཐུན་བྱུང་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐུན་མོང་གིས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་།

ཚའེ་ཆི་དང་། ཝང་དབྱི། ཧི་ལེ་ཧྥིན། ཧོང་ཁོན་མུན་སོགས་མཇལ་འཕྲད་ལ་ཞུགས།