ལི་ཞི་ཡིས་ཀོང་ཞི་རུ་རྟོག་ཞིབ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ11པའི་ཚེས16ཉིན་ནས་ཚེས19ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་ཀོང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས17ཉིན། ལི་ཞི་པའེ་སི་འོས་ལངས་དྲན་གསོ་ཁང་དུ་ཕེབས་ནས། གསར་བརྗེའི་སྔོན་རབས་པའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་དང་སློབ་སྦྱོང་བྱས་པའི་རྣམ་པ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་ཚེས16ཉིན་ནས་ཚེས19ཉིན་བར་ཀོང་ཞི་རུ་རྟོག་ཞིབ་གནང་།  ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་ནན་སྐྱོང་བྱེད་པའི་ཁྲོད་ཀྱི་འགན་འཁྲི་གལ་ཆེ་ཞིང་ལས་འགན་གཟི་བརྗིད་ལྡན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་ལ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་ནས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ནན་མོས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས།

ལི་ཞི་པའེ་སེ་གྲོང་ཁྱེར་ཐེན་དབྱང་ཆུས་ཞིན་ཁྲུན་སྡེ་བ་དང་། ཕིན་ལུའུ་མིས་བཟོས་གཙང་པོའི་ས་ཆ་བསྡུ་ལེན་ཧྲ་ཕིན་གྲོང་རྡལ་གྱི་བདེ་འགོད་ས་ཚིགས་སུ་ཕེབས་ནས། ལས་བྱེད་པ་དང་མང་ཚོགས་དང་བསམ་བློ་བརྗེ་རེས་ཟབ་མོ་གནང་བ་དང་། སྤྱོད་སྲོང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་བའི་བསམ་འཆར་དང་གྲོས་གཞིར་གསན།  ཁོས་ནན་གྱིས་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་རྒྱུན་རྣམ་ཅན་གྱིས་དག་ཐེར་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ཆེ་བ་དང་། སྐྱིད་སྣང་སྔར་ལས་ཆེ་བ།  བདེ་སྣང་སྔར་ལས་འགན་སྲུང་ཡོད་པ་བཅས་བྱེད་དགོས། ཀོང་ཞི་ནན་ནན་ཧ་ཡང་ལས་སྣོན་ཚད་ཡོད་ཀུང་སི་རུ། ལི་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་ཟབ་མོ་གཏོང་དགོས་པའི་བླང་བྱ་བཏོན། ཕིན་ལུའུ་མིས་བཟོས་གཙང་པོའི་ལྟེ་གནས་སུ།  ལི་ཞི་ཡིས་ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། བཟོ་སྐྲུན་གལ་ཆེན་འཛུགས་སྐྱོང་ལ་སྤྱོད་གཙང་ནུས་མཐོའི་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།    ཟླ11པའི་ཚེས16ཉིན་ནས་ཚེས19ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་ཀོང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས18ཉིན། ལི་ཞི་ཡིས་འགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ཅིག་གི་སྒྲིག་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས་པའི་རྣམ་པ་རེད། 

རྟོག་ཞིབ་གནང་སྐབས། ལི་ཞི་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་ཕེབས་ནས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་བ་མ་ཟད། ཁོང་གིས་འགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ཅིག་གི་སྒྲིག་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པའི་ངོས་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་སྔོན་ལ་བསྐྱོད་པ་དང་མིག་དཔེ་སྟོན་དགོས།  དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རླབས་ཆེན་གྲུབ་འབྲས་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས། དེང་སྐབས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་མདུན་དུ་ལྷགས་པའི་གནས་བབ་ལས་འགན་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱས་ནས། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་ཡོང་བར་འགན་སྲུང་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་རྒོལ་བའི་ལམ་བུའི་སྟེང་བློ་བརྟན་འགྱུར་མེད་ངང་ཡག་པོར་བསྐྱོད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་འགན་ཁུར་ཆེ་རུ་གཏོང་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱིའི་བླང་བྱ་དང་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱེད་པ་དང་།  ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། རྒྱུན་འཁྱོངས་ལྷོད་མེད་ངང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། སྤྱོད་སྲོང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་དགོས་ཤིང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། བློ་དཀར་སྤྱོད་གཙང་ཁུར་ལེན་དང་། འཐབ་རྩོད་བྱེད་མཁས་ལ་འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་བླང་བྱ་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱེད་པ་དང་།  “ཅན་གསུམ”འཛུགས་སྐྲུན་ལོའི་འགུལ་སྐྱོད་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ།  གྱོད་གཞི་སྒྲུབ་པའི་སྤུས་ཆོད་མཐོར་འདེགས་དང་། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་དང་བཅའ་ཁྲིམས་སྐོར་གྱི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་པ་བཅས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། ཆབ་སྲིད་དང་ནུས་པ། སྤྱོད་ཚུལ་བཅས་ལེགས་པོ་ཡིན་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་བསྐྲུན་དགོས།

ལི་ཞི་ད་དུང་ཀྲུང་གོའི་བཟོ་ཞིང་དམར་དམག་འབུམ་དཔུང་བདུན་པའི་དམག་ཁུལ་གྱི་གནས་རྙིང་དང་། པའེ་སི་འོས་ལངས་དྲན་གསོ་ཁང་དུ་ཕེབས་ནས། གསར་བརྗེའི་སྔོན་རབས་པའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་དང་སློབ་སྦྱོང་བྱས་ཏེ།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་ཏང་གི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། “ཏང་གི་ཆེད་དུ་སྐྱེས་ཤིང་། ཏང་གི་ཆེད་དུ་འཐབ་པའི”གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་བློ་དཀར་སྲུང་དམག་རྣམ་དག་བྱ་དགོས་པའི་བླང་བྱ་བཏོན།