མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞིའི་ཚོགས་འདུ་བསྡུས།
ཁུངས། ཀློག་གྲངས།

ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞིའི་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད།  

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་བསྟན་དོན།   རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་གསར་པའི་སྲིད་གྲོས་གྲོས་མོལ་གྱི་དམངས་གཙོའི་རྒྱང་སྐྱོད་ལམ་བུར་ལེགས་པར་བསྐྱོད་དགོས། རྒྱལ་གཅེས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ཁྲོད་བློ་སེམས་གཅིག་མཐུན་ངང་ཞུགས་དགོས། འབྱུང་རྩའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་ལ་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་མཁན་ལེགས་པོ་བྱེད་དགོས།

ཚོགས་འདུ་ལས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལྟེ་བའི་དོན་སྙིང་སྟངས་འཛིན་དང་།  སྲིད་གྲོས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། རྒྱ་ཆེའི་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་དོན་དུ་ལས་འགན་སྒྲུབ་པ་དང་། དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པར་ཁྲིད་སྟོན་དང་།   མཐུན་སྒྲིལ་འབད་འཐབ་ཀྱི་སྒྲིལ་ཤུགས་རྒྱ་ཁྱབ་ཏུ་བསྡུ་དགོས།  

ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་མ་ཟད་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་ནས་ནན་གྱིས་བསྟན་དོན།   ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་འཁུར་དགོས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་བྱེད་པོའི་འགན་འཁྲི་ཇེ་དམ་དུ་བཏང་སྟེ།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་གྲོས་མོལ་སྲིད་གླེང་གི་ནང་དུ་ཁྱབ་པར་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་བེད་སྤྱོད་ནན་མོ་བྱེད་པ་དང་།  རང་རྟོགས་ངང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཏང་གི་ཁྱོན་ཡོངས་འགོ་ཁྲིད་བྱེད་པ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས། ཏང་གཤིས་བརྟན་པོ་ཞུན་བརྡར་བྱས་ནས་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་ལ་བརྟེན་ནས་ལས་འགན་སྒྲུབ་པའི་ལག་ལེན་ལ་ནུས་པ་བསྩལ་ཏེ།  སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་སྤུས་ཀ་དང་ཕན་འབྲས་མཐོར་འདེགས་གཏོང་གང་ཐུབ་བྱེད་དགོས།