
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ནང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་སྲོང་སྒྲིག་ནན་དང་། བློ་བརྟན་འགྱུར་མེད་ངང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས་པ་ནན་གྱིས་བསྟན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་དེར་ཇི་ལྟར་བསྐྱོད་པ་ཡིན་ནམ། ཚེས24ཉིན་དབང་གྲགས་ལྡན་པའི་གླེང་མོལ་བརྒྱུད་ནས་རྒྱུས་ལོན་ཞིག་བྱེད།
སྤྱོད་སྲོང་སྒྲིག་ནན་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད། 《ཆོད་དོན》ནང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་ངེས་པར་དུ་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བླང་བྱ་ནན་མོ་དེ་ཏང་གི་སྒྲིག་སྲོལ་བཟོ་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པ་ནན་གྱིས་བསྟན།
ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་ཁང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ། རིམ་པ་གཉིས་པའི་མཐོ་རིམ་ལྟ་ཞིབ་དཔོན་ཞུས་ཞའོ་ཆིན་གྱིས་བཤད་རྒྱུར། དོ་དམ་ནན་མོ་བྱེད་པ་ནི་གཅེས་སྐྱོང་དང་། གཟབ་ནན་ནི་གཅེས་སྐྱོང་ཡིན་ལ། ལྷོད་གཡེང་ནི་གནོད་སྐྱེལ་བ་ཡིན། རྩད་གཅོད་བྱས་པའི་ལས་བྱེད་པ་མི་ཉུང་བ་ཞིག་གིས་འགྱོད་བཤགས་ཟིན་ཐོར་འགོད་སྐབས། གལ་ཏེ་སྐབས་དེར་དོ་དམ་སྔར་བས་ནན་མོ་དང་ལྟ་སྐུལ་སྔར་བས་ནན་མོ་བྱས་ཚེ། རང་ཉིད་སྡིག་ཉེས་ཀྱི་གཡང་སར་ལྷུང་མི་སྲིད་ཟེར། དེར་བརྟེན་རྩ་འཛུགས་ཀྱི་ལྟ་སྐུལ་དོ་དོམ་ནན་མོ་བྱེད་པ་ནི། རྒྱུན་དུ“དམ་ཚིག”འདོན་པར་མ་ཟད། ཚང་མར“སྲུང་འཁོར”སྦྱར་བ་ཡིན་ལ། ང་ཚོར་སྒྲིག་བཀུར་སྒྲིག་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་བློ་རྒྱ་ཆེར་བསྐྱེད་ཀྱིས་བྱ་བ་སྒྲུབ་པའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་དེ་ཡིན། འདི་ནི་ཏང་ཡོན་ལས་བྱེད་པར་དངོས་གནས་འགན་འཁུར་བ་དང་གཅེས་སྐྱོང་བྱེད་པ་ཡིན།
《ཆོད་དོན》ནང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་སྲོང་སྒྲིག་ནན་བྱེད་པར་དམིགས་ཏེ། ཕྱོགས་ལྔའི་ཐད་ཀྱི་བཀོད་སྒྲིག་ཞིབ་ཕྲ་བྱས་པའི་ནང་ནས་གལ་ཆེ་ཤོས་ནི་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་རྒྱུ་དེ་རེད།
ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་གླིང་གི་ཀྲུའུ་རེན་གཞོན་པ་ཀྲིག་ཞིན་ཆོན་གྱིས་བཤད་རྒྱུར། སྤྱོད་སྟངས་གནད་དོན་གྱི་སྲོག་ཤིང་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བའི་གནད་དོན་ཡིན། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་སྐྱོད་དགོས་ན། གནད་འགག་ཐུག་ས་ནི་སྐྱོད་དགོས་པ་དང་། ཁ་ཞེ་གཉིས་མེད་ཀྱིས་སྐྱོད་པ་དང་། གཤམ་དུ་སྐྱོད་པ། བརྩོན་འགྲུས་ཆེན་པོས་སྐྱོད་མཁས་པ་བཅས་བྱེད་དགོས། བྱེ་བྲག་ཏུ་བཤད་ན། མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། ཏང་ཡོན་དང་ལས་བྱེད་པའི་དམིགས་ཡུལ་གྱི་འདུ་ཤེས་དང་སྤྱི་ཞབས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། མང་ཚོགས་དང་བརྩེ་དུང་ཇེ་ཟབ་ཏུ་གཏོང་བ་དང་། མཐོ་སར་བསྡད་དེ་མང་ཚོགས་དང་ཁ་བྲལ་བ་སྔོན་འགོག་བྱེད་དགོས།
ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བར་ད་དུང་བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 《ཆོད་དོན》ནང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕྱོགས་བསྡུས་ཕན་ནུས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་དུས་གཅིག་ཏུ་ཤུགས་རྒྱག་པ་དང་། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ། ཕྱོགས་བསྡུས་ཀྱིས་ཤུགས་རྒྱག་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན།
ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་མི་ཀྲང་ཅི་ཡིས་བཤད་རྒྱུར། རུལ་སུངས་བྱེད་མི་ཕོད་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། རུལ་སུངས་བྱེད་མི་ནུས་པ་ནི་གནད་འགག་ཡིན་ལ། རུལ་སུངས་བྱེད་མི་འདོད་པ་ནི་རྩ་བ་ཡིན། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་དྲིལ་སྒྲོག་སློབ་གསོའི་ལམ་སྲོལ་གསར་གཏོད་བྱས་ཏེ་དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྲིད་ཚོང་འབྲེལ་བ་ཉེ་གཙང་ཅན་འཛུགས་པར་སྐུལ་འདེད་གཏོང་དགོས་ལ། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་སྒྲུབ་མི་སྣར་སློབ་གསོ་དང་དོ་དམ་ནན་མོ་བྱེད་དགོས། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་དང་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུར་དམ་འཛིན་ནན་མོ་བྱས་ཏེ། གྱོད་གཞི་ཆེ་གྲས་ཁྲོད་ཤེས་རྟོགས་བྱུང་བའི་ལས་རིགས་རང་བཞིན་དང་མ་ལག་རང་བཞིན་གྱི་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་དགོས། ཚན་རྩལ་གྱི་ནུས་སྩོལ་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་འཛིན་སྒྲིག་བཤེར་ལྟ་ཞིབ་མ་ལག་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
《ཆོད་དོན》ནང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་སྲོང་སྒྲིག་ནན་བྱེད་པར་དམིགས་ཏེ་ཕྱོགས་ལྔའི་ཐད་ནས་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་དེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས་པ་དང་། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། སྤྱོད་སྟངས་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཀྱི་སློབ་གསོའི་གཅུན་སྡོམ་དང་འགན་སྲུང་དང་སྐུལ་ལྕག་གི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་དགོས་པ་བཅས་ཡིན།