

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས25ཉིན་པེ་ཅིང་དུ་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དཔལ་འབྱོར་དང་ཐོན་སྐྱེད་པུའུ་ཡི་པུའུ་ཀྲང་པུའུ་ལོ་ཆི་ཡིས་སྣེ་ཁྲིད་བྱས་པའི་ཁུ་པ་གུང་ཁྲན་ཏང་གི་ལས་བྱེད་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས25ཉིན་པེ་ཅིང་དུ་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དཔལ་འབྱོར་དང་ཐོན་སྐྱེད་པུའུ་ཡི་པུའུ་ཀྲང་པུའུ་ལོ་ཆི་ཡིས་སྣེ་ཁྲིད་པའི་ཁུ་པ་གུང་ཁྲན་ཏང་གི་ལས་བྱེད་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
ཚའེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཧྲུའུ་ཅི་དང་པོ་ཏི་ཡ་སི་ཁ་ནེ་ཨར་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་ཆད་མེད་པར་གཏིང་ཟབ་པའི་སྒོ་ནས་དངོས་འབེབས་བྱུང་སྟེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རྣོ་ལྕགས་ལྟ་བུའི་མཛའ་བརྩེ་གང་ལེགས་ཀྱིས་མངོན་པར་བྱས་ཡོད། དུས་སྐབས་གསར་པར། ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། མཐོ་རིམ་བར་གྱི་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཁུ་པའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། ཚའེ་ཆི་ཡིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གནས་ཚུལ་ངོ་སྤྲོད་གནང་།
པུའུ་ལོ་ཆི་ཡིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཁུ་པས་མིག་སྔའི་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་བར་རོགས་རམ་དང་རྒྱབ་སྐྱོར་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་བཅོས་སྒྱུར་སྒོ་འབྱེད་ལ་འགོ་ཁྲིད་དང་དཔལ་འབྱོར་སྤྱི་ཚོགས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ནས་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད།