​ཏིང་ཞུའེ་ཞང་གིས་ཧོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​

ཟླ11པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་དུ་ཧོ་ལན་གྱི་ཕྱི་འབྲེལ་བློན་ཆེན་པེ་ལོན་ཏི་སིན་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་དུ་ཧོ་ལན་གྱི་ཕྱི་འབྲེལ་བློན་ཆེན་པེ་ལོན་ཏི་སིན་ལ་མཇལ་འཕྲད་གནང་།

ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཧོ་ལན་ནི་སྒོ་འབྱེད་དངོས་སྒྲུབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླ་ཡིན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ55འཁོར་བའི་ལོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱས་ཏེ། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀྱིས་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་པོའི་ངང་ཤར་གཏོང་ཐུབ་པར་བྱས་ནས། རྒྱལ་ཁབ་གཉིས་དང་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྩོལ་དགོས།

པེ་ལོན་ཏི་སིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་བསྒྲུབས་པར་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་ཚད་མཐོའི་བསྔགས་བརྗོད་བྱས། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ལ་ཤུགས་བསྣན་ནས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་དང་། གླེང་མོལ་བརྒྱུད་ནས་འགལ་བ་ཐག་གཅོད་འོས་འཚམ་བྱས་ཏེ་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱ་དགོས་ཞེས་བསྟན།