ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པས་སྒྲོག་བཤད་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ11པའི་ཚེས23ཉིན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་ཡན་ཀའོ་གོ་དང་ཞུས་ལེན་དབྱིན།   ཀྲང་ཕིན།  མཱ་ཐེན་ཧྲན་བཅས་སོ་སོར་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།  ཞིང་ཆེན་སྡོམ་རྩིས་ཅུས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་སུ་སོང་ནས་གཅིག་བསྡུས་སྒྲོག་བཤད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་གཙོ་བོ་ཤེས་རྟོགས་ཟབ་མོ་བྱེད་པ་དང་།   བཀོད་སྒྲིག་བླང་བྱར་རྒྱུས་ལོན་ཡང་དག་བྱེད་པར་ཁྲིད་སྟོན་བྱས།

སྒྲོག་བཤད་ཁྲོད།  ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན།  འཐབ་ཇུས་ལས་འགན་དང་བྱེད་ཐབས་གཙོ་བོ་བཅས་མ་ལག་ལྡན་པའི་སྒོ་ནས་འགྲེལ་ཀློག་བྱས་པ་དང་།    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མ་ལག་ལྡན་པའི་སྒོ་ནས་སྒྲོག་བཤད་དང་འཆད་འགྲེལ་ཟབ་མོ་བྱས།  ཚོགས་ཞུགས་མི་སྣས་གཟབ་ནན་གྱིས་ཉན་ཞིང་།  ཟིན་བྲིས་ཞིབ་མོ་བཀོད་ལ།   སློབ་སྦྱོང་ནན་མོ་དང་ཤེས་རྟོགས་ཟབ་མོ་བྱས་ཏེ། ཡུལ་དངོས་ཀྱི་སློབ་སྦྱོང་གི་རྣམ་པ་ཧ་ཅང་བཟང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ཏང་ཨུའི་རིམ་པ་གསུམ་པའི་རྟོག་ཞིབ་པ།  ཏོན་ཀའོ་ལིན་གྱིས་བཤད་རྒྱུར།

ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་ཟབ་མོ་བྱེད་དགོས།   ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་།    རང་རྟོགས་སྒོས་བསམ་སྦྱོར་གཉིས་ཀྱི་སྟེང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱེ་བྲག་གི་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པ།    འཐབ་ཕྱོགས་གཅིག་གྱུར་བྱ་བའི་ནུས་པ་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དང་།  བྱ་བའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ།   བརྩེ་སེམས་ལྡན་པའི་སྒོ་ནས་མཐུན་སྒྲིལ་དང་ཁྲིད་སྟོན་ཞབས་ཞུའི་བྱ་བ་ལེགས་པོར་བསྒྲུབ་པ།  བློ་གཅིག་སེམས་གཅིག་གིས་འབད་འཐབ་བྱེད་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་བསྡུས་བཅས་བྱས་ཏེ།   དུས་རབས་གསར་པའི་ཆེས་ཆེ་ཞིང་ཆེས་མཛེས་སྡུག་ལྡན་པའི་མཐུན་སྒྲིལ་གྱི་ལེའུ་རྩོམ་དགོས།

མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ།   ཀྲང་ཝེ་ཕིང་གིས་བཤད་རྒྱུར།

དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།  ངས་བློ་ཐག་རྦད་ཆོད་ཀྱིས་གཏན་འཁེལ་གཉིས་སྲུང་སྐྱོང་དང་།  བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ།   ལྟ་སྐུལ་འགན་འཁྲི་ཡག་པོར་འཁུར་བ་དང་།  ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་འཛིན་བྱེད་པ།   སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ།    དབང་བོ་སྐྱོན་ཅན་གྱི་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་པའི་དངོས་འབྲས་དེ་བྱ་བར་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩི་བ་དང་།   དབང་བོ་སྐྱོན་ཅན་གྱི་བྲེལ་དཀའ་ཁྲལ་སྒུག་བཞིའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ལ་ཤུགས་སྣོན་པ་བཅས་བྱས་ཏེ།   ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དབང་བོ་སྐྱོན་ཅན་ལ་འགན་སྲུང་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས།

ཚང་མས་སྒྲོག་བཤད་སྙན་ཞུའི་བརྗོད་དོན་གཏིང་ཟབ་པ་དང་འགྲེལ་ཀློག་བྱས་པ་གནད་ལ་འཁེལ་ཡོད་ལ།   གཞུང་ལུགས་འཆད་འགྲེལ་དང་ཞིང་ཆེན་གྱི་གནས་ཚུལ་ལ་བསམ་གཞིགས་བཏང་ཡོད་པས།   ལས་འགན་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་བར་མཛུབ་སྟོན་གྱི་བྱེད་ནུས་གལ་ཆེན་ལྡན།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་ནན་མོ་བྱེད་པ་དང་།   རང་འཁྲིའི་ལས་གནས་ལ་རྐང་བཙུགས་ནས་ཤུགས་འདོན་སའི་ཁ་ཕྱོགས་ཡང་དག་འཚོལ་བ།   བྱ་བའི་གཙོ་གནད་ཇེ་ཞིབ་དང་བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ།  སློབ་སྦྱོང་གི་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་དང་འགན་འཁྲི་ཁག་ཁུར་གྱི་གྲུབ་འབྲས་དངོས་སུ་བསྒྱུར་བ་བཅས་བྱས་ནས།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྟོབས་ཤུགས་འབུལ་ངེས་ཡིན་ཞེས་བསྟན།

མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུས་ཞབས་ཞུའི་ལས་རིགས་སྡོམ་རྩིས་ཁྲུའུ་ཡི་འགོ་གཙོ་གཞོན་པ།  ཞེ་ལེང་གིས་བཤད་རྒྱུར།

ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་གྲངས་རེ་རེ་དང་དབྱེ་ཞིབ་རེ་རེའི་ཁྲོད་འདྲེས་པར་བྱེད་པ་དང་།   ཐོག་མཐའ་བར་གསུམ་དུ་དགོངས་གཞི་ནན་མོ་དང་སྤྱོད་ཚུལ་ལེགས་པོར་བརྟེན་ནས་མཛོད་འཇུག་སྡོམ་རྩིས་བྱ་བ་དང་། གཞི་གྲངས་ཞིབ་དཔྱད་དང་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་བཅས་དམ་འཛིན་ཡག་པོ་བྱས་ཏེ།  དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྡོམ་རྩིས་གསལ་བོ་བྱེད་ངེས་ལ།  མགོ་འབུས་རང་བཞིན་དང་འཁོར་ཕྱོགས་རང་བཞིན་གྱི་གནད་དོན་ཤེས་རྟོགས་གསལ་བོ་བྱེད་ངེས་ཡིན།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་མྱུར་བགྲོད་གཞུང་ལམ་འཁོར་སྐྱོད་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི།  ལི་ཀོང་ལུའུ་ཡིས་བཤད་རྒྱུར།

ངས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ཁག་ཁུར་ཡག་པོ་བྱེད་པ་དང་།  ཏང་གཤིས་ཇེ་དྲག་ཏུ་གཏོང་བའི་རྩ་བའི་ལས་འགན་དམ་འཛིན་ནན་མོ་བྱེད་པ།   དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ།   འཁོར་སྐྱོད་ཆེན་པོའི་བཅོས་སྒྱུར་དམིགས་འབེན་ལ་དམིགས་ནས་ཆབ་སྲིད་ཀྱི་དགེ་མཚན་དེ་མྱུར་སྟབས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པར་བསྒྱུར་ཏེ་མྱུར་བགྲོད་ལམ་དྲའི་བཀག་མེད་ཤར་གཏོང་དང་ཞབས་ཞུ་སྤུས་འདེགས།  བཅོས་སྒྱུར་མཁྲེགས་གཏོར་དང་བདེ་འཇགས་དོ་དམ་ཚོད་འཛིན་བཅས་ལ་གཅིག་འདོམས་བྱེད་པ།   ལོ་མཇུག་དང་ལོ་སྟོད་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་སྣ་ཚོགས་དམ་འཛིན་བཅས་བྱས་ཏེ།    རིགས་སོ་སོའི་མི་དམངས་མང་ཚོགས་ལ་བདེ་འཇགས་དང་ཤར་བགྲོད།  སྤྲོ་སྐྱིད།  མཛེས་སྡུག་བཅས་ཀྱི་མྱུར་བགྲོད་ཕྱིར་སྐྱོད་ཁོར་ཡུག་བསྐྲུན་ངེས་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།