
ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་ནས་ཡ་གླིང་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཧྲིན་ཐེན་ཀྲིན་རེན་ལ་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། གཟའ་འཁོར་སྔོན་མའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱར་བ་གྲུ་འདེགས་དང་། སྒོ་དབྱེ་མཉམ་སྦྲེལ། རྒྱ་སྐྱེད་གསར་གཏོད། ཁོང་ཡངས་འཕེལ་རྒྱས་བཅས་ཀྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། ཀྲུང་གོས་ས་ཁོངས་ཀྱི་ཕྱོགས་སོ་སོ་དང་མཉམ་དུ་མཉམ་ལས་དམ་ཟབ་བྱས་ཏེ་མཛེས་སྡུག་ལྡན་པའི་མདུན་ལམ་དེ་མངོན་འགྱུར་ཧུར་ཐག་བྱེད་འདོད་ཡོད། ཡ་གླིང་དངུལ་ཁང་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འབྲེལ་ཡོད་ལས་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་གྱིས་ཡ་གླིང་དང་འཛམ་གླིང་གི་དཔལ་འབྱོར་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་ཁ་སྣོན་བྱས་ཡོད། ང་ཚོས་དཔལ་འབྱོར་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས་ས་ཁོངས་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཧྲེན་ཐེན་ཀྲིན་རེན་གྱིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གྱིས་མཉེན་གཤིས་མངོན་ཞིང་འཕར་སྣོན་སྲུང་འཛིན་བྱས་ཏེ་སྒུལ་ནུས་གསར་པར་གྲུབ་འབྲས་མངོན་གསལ་བླངས། ཡ་གླིང་དངུལ་ཁང་གིས་དེའི་ཐད་རྟེན་འབྲེལ་ཞུ་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།