ཞི་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།
ཁུངས། ཀློག་གྲངས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན།  ལོ་ལྔའི་རིང་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་སྲོལ་ལྟར་ཏང་སྐྱོང་བར་ཇུས་འགོད་དང་སྐུལ་འདེད་བཏང་བས།  ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཏན་ཏིག་ནུས་ལྡན་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  འཐབ་ལམ་བུ་གསར་པའི་སྟེང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ།  ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་དེ་ཏང་དོ་དམ་དང་ཏང་སྐྱོང་བའི་གཞི་རྩའི་བྱེད་ཐབས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པར་དམ་པོར་དམིགས་ཏེ་ཞན་ཆ་ཁ་གསབ་དང་ནུས་བ་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱུན་མཐུད་ངང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་དགོས། ལམ་ལུགས་མ་ལག་ཕྱོགས་བསྡུས་བྱེད་པར་སྔར་ལས་མཐོང་ཆེན་དང་།  ལམ་ལུགས་སློབ་སྦྱོང་དང་སློབ་གསོར་སྔར་ལས་མཐོང་ཆེན་བྱེད་པ།  ལམ་ལུགས་ལག་བསྟར་ལ་སྔར་ལས་དོ་སྣང་དང་ཏང་ནང་གི་ཁྲིམས་སྲོལ་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་སྔར་ལས་དོ་སྣང་བཅས་བྱས་ཏེ།  རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། 

བསོད་དོན་གྱིས་བསྒྱུར།