སྒྲོག་འགྲེལ་ལ་བརྟེན་ནས་སློབ་སྦྱོང་སྐུལ་འདེད་བཏང་སྟེ་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ། སློབ་སྦྱོང་ལ་བརྟེན་ནས་ལག་བསྟར་སྐུལ་འདེད་བཏང་སྟེ་ལག་ལེན་ཕན་འབྲས་ཐོན་པར་བྱེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི
ཁུངས། ཀློག་གྲངས།

སྒྲོག་འགྲེལ་ལ་བརྟེན་ནས་སློབ་སྦྱོང་སྐུལ་འདེད་བཏང་སྟེ་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ། སློབ་སྦྱོང་ལ་བརྟེན་ནས་ལག་བསྟར་སྐུལ་འདེད་བཏང་སྟེ་ལག་ལེན་ཕན་འབྲས་ཐོན་པར་བྱེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ།

བསྟུད་མར་ཉིན་ཤས་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཧྲེང་ཞན་དང་། ཁོངས་མི་སུའུ་ཧའེ་ཧུང་། ཝང་རུའེ་ཅུས། ཝང་ཏུའོ་ཞིན་བཅས་སོ་སོར་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས། མཚོ་ཤར་གྲོང་ཁྱེར། མཚོ་སྔོན་མི་རིགས་སློབ་ཆེན་བཅས་སུ་སོང་ནས་གཅིག་སྡུད་སྒྲོག་འགྲེལ་བྱས། ཏང་ཡོན་ལས་བྱེད་པས་སྔར་ལས་ལེགས་པོའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་པར་སྐུལ་འདེད་བཏང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་སྒྲུབ་ལས་གཏོད་ཀྱི་ལག་ལེན་དངོས་སུ་བསྒྱུར།

སྒྲོག་འགྲེལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུར་དམིགས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་ཟུང་འབྲེལ་བྱས་ནས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་རླབས་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་བཀོད་སྒྲིག་དེ་བརྒྱུད་རིམ་ལྡན་པར་གསལ་འགྲེལ་བྱས། ཚང་མས་ནན་ཏན་གྱིས་ཟིན་བྲིས་འགོད་པ་དང་བསམ་གཞིགས་ཞིབ་མོ་བཏང་ནས། བྱ་བའི་རིགས་ལམ་སྔར་ལས་ཇེ་གསལ་དང་འབད་འབུངས་ཡར་བརྩོན་གྱི་ཁ་ཕྱོགས་ཡང་དག་རྙེད།

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་ལས་ཁུངས་སྒྲིག་ཨུའི་ཆེད་དོན་ལས་བྱེད་པ། ལས་རོགས་ཞིབ་འཇུག་པ་མ་ཅིན་མེ་ཡིས་བཤད་རྒྱུར། སྙན་ཞུའི་ནང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་ཐིག་འདིར་དམིགས་ནས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་གི་ཐད་བཏོན་པའི་བླང་བྱ་གསར་པ་སྔར་ལས་ལྷག་པར་ཁོང་དུ་ཆུད་པར་རམ་འདེགས་བྱས། ལས་ཁུངས་སྒྲིག་ཨུའི་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པར་མཚོན་ན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་ལས་གནས་ཡོད་ཚད་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འགན་ནུས་གནས་ངེས་ལ་གཞི་ཚུགས་པ་དང་། ཆབ་སྲིད་ལྟ་སྐུལ་དང་དུས་རྒྱུན་ལྟ་སྐུལ་ལེགས་པར་སྒྲུབ་སྟེ། སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ལམ་ལ་མཐོང་ཆེན་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པའི་རང་རྟོགས་སུ་འགྱུར་བར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་རླབས་འབྲིང་རྒྱང་སྒྲོག་ལས་ཁུངས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཀྲའོ་ཝུན་ཐིང་གིས་བཤད་རྒྱུར། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ཡག་པོར་སྲུང་བ། བསམ་བློའི་འགོག་སྲུང་འཛིང་རགས་རང་རྟོགས་སྒོས་ཇེ་བརྟན་དུ་གཏོང་བ། བླང་བྱ་ནན་པོ་དེ་དུས་རྒྱུན་གྱི་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་། ལས་གནས་ལེགས་པར་སྲུང་བ། ཁྲིད་ཕྱོགས་ལེགས་པར་སྟོན་པ། སྤྱོད་སྟངས་ནན་མོ་ཡིས་རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་བ་སོ་སོ་ཡག་པོར་སྒྲུབ་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་རྒྱང་སྒྲོག་བརྙན་འཕྲིན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།

 མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་ཕིང་ཨན་ཁྲོམ་གཞུང་ལོ་ཏུའུ་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ལིའུ་ཙུའུ་ཝུན་གྱིས་བཤད་རྒྱུར། ངས་མུ་མཐུད་དུ་ཏང་གཤིས་བློ་སྦྱོང་ཐད་ཤུགས་བསྣོན་དང་། དམངས་ཀྱི་ཆེད་ཡིན་པའི་ཐོག་མའི་དམ་བཅའ་བློ་ལ་བརྟན་པོར་ངེས་པ། སྡེ་ཁུལ་གྱི་ལས་གནས་ལ་གཞི་ཚུགས་པ་དང་། རང་འགུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཞིབ་ཕྲའི་ལག་ལེན་ཐོག་དོན་འཁྱོལ་བྱེད་དགོས།

ཚང་མས་སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་བདེ་བའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད་ལ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཡོད། སློབ་སྦྱོང་གི་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་ཀྱི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་བ་དང་། གཟབ་ནན་གྱི་རྩ་བའི་དགོངས་གཞི་དང་དམ་པ་དོན་གཉེར་གྱི་སྤྱོད་སྟངས་ལ་བརྟེན་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཁྲོད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་བསམ་པ་བསྟན།

 མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན། ཝང་ཕེང་ཧྥེ་ཡིས་བཤད་རྒྱུར།   མཐོ་སློབ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཡག་པོ་དང་འཆད་འགྲེལ་ཡག་པོ་བྱ་རྒྱུ་ནི་གཟི་བརྗིད་ལྡན་ལ་བླ་ན་མེད་པའི་མི་གསོ་སྐྱོང་གི་འགན་འཁྲི་ཡིན། འདིའི་འཕྲོར། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ན་གཞོན་སློབ་མ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་པོར་འཛུགས་པ་དང་། རྒྱལ་གཅེས་ཁྱིམ་ཞེན་གྱི་བརྩེ་བ་ཟབ་མོ་ཆགས་པར་ཁྲིད་སྟོན་བྱ་རྒྱུ་ཡིན།

ཚེ་རིང་དངོས་གྲུབ་ཀྱིས་བསྒྱུར།