ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར། མཁར་ཤར་ཁུལ་ལུང་ཧྥུ་དགོན་སྲང་ཁུལ་དུ་རྟོག་ཞིབ་གནང་སྐབས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་སྤུན་ཟླ། ཨའོ་མིན་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བའི་ཚུལ་རེད།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ལོ་སར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་སྤུན་ཟླ། ཨའོ་མིན་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་རྣམས་ཀྱིས་ལུགས་རྙིང་རྟ་ལོ་ལ། རྟ་མཆོག་བང་རྩལ་ལྟ་བུའི་བརྩོན་སེམས་བསྐྱེད་པ་དང་། ལུས་ཁམས་བདེ་ཞིང་སྐྱིད་པ། བྱ་གཞག་དོན་ཀུན་གྲུབ་པ། ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུ་བ་དང་། རླབས་ཆེན་མེས་རྒྱལ་གྱི་རི་ཀླུང་མཛེས་སྡུག་ལྡན་པ་དང་། ཆར་ཆུ་དུས་སུ་འབབ་པ། འབྲུ་ལ་ལོ་ལེགས་རྒྱས་པ། རྒྱལ་ཁབ་དར་ཞིང་དམངས་ཡོངས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་ཞེས་བསྟན།
ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་དང་ཧྲི་ཀྲང་དབྱིན་ཡུང་གཉིས་ཀྱི་ཕེབས་རོགས་འོག་ཚན་རྩལ་གསར་གཏོད་གླིང་ཁུལ་དང་། རྒན་གསོའི་ཞབས་ཞུའི་ཁྲོམ་གཞུང་། ལོ་སར་གྲོང་ཁྱེར་ཁྲོམ་ཚོགས་བཅས་སུ་རྟོག་ཞིབ་གནང་བ་དང་། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་ཞུས་པ་རེད།

ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་ཡས་ཀྲོང་དུ་ཡོད་པའི་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བེད་སྤྱོད་གསར་གཏོད་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།
ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་ཡས་ཀྲོང་དུ་ཡོད་པའི་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བེད་སྤྱོད་གསར་གཏོད་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་ཡས་ཀྲོང་དུ་ཡོད་པའི་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བེད་སྤྱོད་གསར་གཏོད་ཐོན་ལས་གླིང་དུ་རྟོག་ཞིབ་གནང་སྐབས། ཚན་རྩལ་ཞིབ་འཇུག་མི་སྣ་དང་ཚན་རྩལ་ཁེ་ལས་ཀྱི་འགན་ཁུར་བའི་འཐུས་ཚབ་པར་བཀའ་མོལ་གནང་བཞིན་པའི་ཚུལ་རེད།

ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་ཡས་ཀྲོང་དུ་ཡོད་པའི་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བེད་སྤྱོད་གསར་གཏོད་ཐོན་ལས་གླིང་དུ་རྟོག་ཞིབ་གནང་སྐབས། ཚན་རྩལ་ཞིབ་འཇུག་མི་སྣ་དང་ཚན་རྩལ་ཁེ་ལས་ཀྱི་འགན་ཁུར་བའི་འཐུས་ཚབ་པ་དང་མཉམ་དུ་བཀའ་མོལ་གནང་བཞིན་པའི་ཚུལ་རེད།
ཚེས9ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་པེ་ཅིང་དབྱི་ཀྲོང་དུ་གནས་པའི་རྒྱལ་ཁབ་ཡིད་རྟོན་གསར་གཏོད་གླིང་དུ་ཕེབས་ནས་ཆ་འཕྲིན་ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། མིས་བཟོས་རིག་ནུས་དང་འཕྲུལ་མི་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ཞིབ་གཟིགས་གནང་། ཚན་རིག་ཞིབ་འཇུག་མི་སྣ་དང་། ཚན་རྩལ་ཁེ་ལས་ཀྱི་འགན་འཁུར་བ་དང་འཐུས་མི་དག་ལ་བསམ་བློ་སྤེལ་རེས་གནང་། ཁོང་གིས་དེ་རིང་ཡུལ་དངོས་ལ་ཡོང་ནས་སློབ་སྦྱོང་བྱས་པས་མཐོང་རྒྱ་ཆེ་རུ་ཕྱིན་སོང་། འདིག་དག་མཐོང་རྗེས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལ་དེ་བས་ཡིད་ཆེས་ཀྱིས་ཁེངས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་ཚན་རྩལ་རང་ཚུགས་རང་སྤེལ་ལ་རག་ལས་ཡོད། པེ་ཅིང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འདིའི་ཐད་ནུས་ཤུགས་ཆེན་པོ་འདོན་དགོས་ཞེས་ནན་གྱིས་བསྟན། ཁོང་གིས་རྒྱ་ཆེའི་ཚན་རྩལ་ལས་བཟོ་བར་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བརྩེ་སེམས་བཅངས་ནས། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་། ཀྲུང་གོའི་དེང་རབས་ཅན་གྱི་འཐབ་ལམ་གསར་བར་བྱས་རྗེས་འཇོག་དགོས་ཞེས་སྐུལ་ལྕག་གནང་།

ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཁར་ནུབ་ཁུལ་ཞིན་ཅེ་ཁོའུ་སྲང་ལམ་གྱི་ཕ་མའི་ཟ་ཁང་དུ་རྟོག་ཞིབ་གནང་སྐབས། དེ་གར་ངལ་གསོ་བཞིན་པའི་མྱུར་སྐྱེལ་པ་དང་མཉམ་དུ་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པའི་ཚུལ་རེད།
ཞི་ཁྲིན་ཆུས་བྱང་ཕྱོགས་རྩྭ་ཡི་བཟོ་གྲྭའི་སྲང་ལམ་དུ་གནས་པའི“ཝུའུ་ལའོ་·སྲང་ལམ་གསར་པའི”རྒན་གསོའི་ཞབས་ཞུའི་ཁྲོམ་གཞུང་དུ། ཉེ་བའི་ལོ་ཤས་རིང་འགོག་རྐྱེན་མེད་པ་དང་རྒན་པར་འཚམ་པའི་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། རྒན་པ་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ཡོད། ཚེས10ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་དེ་གར་ཕེབས་པ་དང་། ཁྲོམ་གཞུང་གསར་པའི་རྒན་པའི་ཟ་ཁང་དུ་ཕེབས་ནས་ཚལ་རིགས་དང་། རིན་གོང་། བཟའ་བཏུང་གི་ཁོར་ཡུག་བཅས་ལ་གཟིགས་ཞིབ་དང་། ཟ་ཁང་གི་རྒན་གསོའི་ཞབས་ཞུའི་གནས་ཚུལ་ཞིབ་ཏུ་རྒྱུས་ལོན་གནང་།

ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཁར་ནུབ་ཁུལ“ཝུའུ་ལའོ·སྲང་ལམ་གསར་བའི”རྒན་གསོའི་ཞབས་ཞུ་སྲང་ཁུལ་གྱི་དབུ་དཀར་རྒན་པོའི་གཞིས་ཀ་རུ་རྟོག་ཞིབ་གནང་སྐབས། རྒན་པ་རྣམས་དང་མཉམ་དུ་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པའི་ཚུལ་རེད།

ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཁར་ཤར་ཁུལ་ལུང་ཧྥུ་དགོན་སྲང་ཁུལ་གྱི་ཏའོ་ཞང་སྡེ་བའི་སྤྲི་གོར་ཚོང་ཁང་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།
ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཁར་ཤར་ཁུལ་ལུང་ཧྥུ་དགོན་སྲང་ཁུལ་གསར་བའི་ལོ་སར་ཚོང་ཁྲོམ་དུ་རྟོག་ཞིབ་གནང་སྐབས། ཡུལ་དངོས་མང་ཚོགས་དང་མཉམ་དུ་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པའི་ཚུལ་རེད།

ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར། མཁར་ཤར་ཁུལ་ལུང་ཧྥུ་དགོན་སྲང་ཁུལ་དུ་རྟོག་ཞིབ་གནང་སྐབས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་སྤུན་ཟླ། ཨའོ་མིན་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པའི་ཚུལ་རེད།

ལོ་གསར་ནི་མང་ཚོགས་ལ་མཚོན་ནས་བཤད་ན་དོན་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་འཚོ་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཏན་ཏིག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོ་ངང་ལོ་སར་ཡག་པོ་ཞིག་རོལ་བར་ཁག་ཐེག་བྱེད་དགོས།
རྟོག་ཞིབ་མཛད་སྐབས་ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། པེ་ཅིང་གི་བྱ་བ་སྣ་ཚོགས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་གནད་འགག་གི་དུས་སྐབས་ཡིན་པས། པེ་ཅིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དོན་འཁྱོལ། གནད་འཁེལ་དངོས་གཉེར་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྔོན་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ་དང་། རྒྱལ་ཡོངས་སུ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ཐུབ་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པེ་ཅིང་གིས་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དང་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་རྐང་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་སྔར་བས་ཇེ་བརྟན་དུ་བཏང་སྟེ། འཕར་ཆག་ཡོད་པ་དང་འགན་སྲུང་དང་གནོན་ཤུགས་ཡོད་པའི་ཁྲོད་དཔལ་འབྱོར་གཞི་རྩའི་སྟེང་ནས་མཐོར་འདེགས་ནུས་ལྡན་དང་གྲངས་ཀའི་སྟེང་ནས་ལུགས་མཐུན་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས། པེ་ཅིང་གི་རྒྱལ་ས་མིན་པའི་བྱེད་ནུས་ཁ་འགྲེམས་གཏོང་བའི་པེ་ཅིང་དང་ཐེན་ཅིན། ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གནད་འགག་འདི་དམ་འཛིན་བྱེད་པ་དང་། འཕར་ཚད་ཚོད་འཛིན་དང་གསོག་འབོར་འགྲེམས་གཏོང་ཟུང་འབྲེལ་དང་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁ་འགྲེམས་དང་མཐོར་འདེགས་གཉིས་གཅིག་གྱུར་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་བྱེད་དགོས། པེ་ཅིང(པེ་ཅིང་དང་ཐེན་ཅིན།ཧོ་པེ)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་རྒྱ་སྐྱེད་གཏོང་བའི་གོ་སྐབས་དམ་འཛིན་བྱེད་པ་དང་། ཐེན་ཅིན་དང་ཧོ་པེ་བར་གྱི་མཉམ་ལས་གསར་གཏོད་དང་ཐོན་ལས་རོགས་ལ་ཤུགས་བསྣན་ནས། པེ་ཅིང་དང་ཐེན་ཅིན་ཧོ་པེ་གསུམ་མཉམ་དུ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སློབ་གསོའི་ཚན་རྩལ་འཇོན་མི་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་གཅིག་འདོམས་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་ཤུགས་བསྣན་ནས། ཤུགས་ཆེན་པོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། རིག་གནས་དང་ཚོང་ལས། ཡུལ་སྐོར། ལུས་རྩལ། འགྲེམས་སྟོན་བཅས་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ཆེན་པོས་པེ་ཅིང་ཉེ་འཁོར་ལ་སྐུལ་ཁྲིད་བྱེད་པ་དང་། པེ་ཅིང་ཉེ་འཁོར་གྱིས་གྲོང་ཁྱེར་ཆེན་པོར་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་ཆེན་པོར་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། མཁར་གྲོང་གཞི་གཅིག་ཅན་གྱི་འཆར་འགོད་ལ་ཤུགས་བསྣན་ནས། མཁར་གྲོང་མཉམ་འབྲེལ་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས། མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་རྒྱ་བསྐྱེད་དེ། རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་ཐུབ་པའི་ཉམས་མྱོང་འདོན་སྤྲོད་བྱ་དགོས།
ཞི་ཅིན་ཕིང་གིས་པེ་ཅིང་གིས་རྒྱལ་སྤྱིའི་རྩེ་གྲ་ཡི་འཆམ་མཐུན་བབ་སྡོད་གྲོང་ཁྱེར་བྱེད་ན། ངེས་པར་དུ་གྲོང་ཁྱེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། མཁར་གྲོང་གཞི་རིམ་གྱི་གནོད་འགོག་གནོད་སྐྱོབ་གནོད་སེལ་དང་འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་རྒྱག་པ། “ཞུ་གཏུག་དང་ལེན་དང་མྱུར་སྒྲུབ་བྱེད་པ་”སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་དང་འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས། ལྗང་མདོག་ཐཱན་ཉུང་གི་བབ་སྡོད་ཁྱིམ་གཞིས་བསྐྲུན་དགོས། ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གྱི་ནུས་པ་འདོན་པར་ཤུགས་བསྣན་ནས། གྲོང་ཁྱེར་བཅོས་སྐྱོང་སྔར་བས་ནུས་ཆེ་དང་ཞིབ་ཚགས་ཡོང་བར་བྱ་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་ཚད་གཞི་དེ་བས་མཐོན་པོ་དང་བྱེད་ཐབས་དེ་བས་ནན་པོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་དམ་འཛིན་བྱེད་རྒྱུ་འབུར་ཐོན་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེན་པོ་སྐྱེད་སྲིང་བྱེད་དགོས། མི་འདེམས་མི་བཀོལ་གྱི་འགག་སྒོ་བརྟན་སྲུང་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། ལས་བྱེད་པའི་དཔུང་ཁག་གི་དེང་རབས་ཅན་འཛུགས་སྐྱོང་གི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས་ཏེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་གཏོད་གང་ཐུབ་བྱ་དགོས། སྲོལ་བཟང་སྒྲིག་བརྟན་དང་རུལ་སུངས་ལ་ངོ་རྒོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བྱེད་པ་དང་། གཞི་གཅིག་ཏུ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པར་སྐུལ་འདེད་བཏང་ནས། རུལ་སུངས་སྐྱེ་འཕེལ་ཡོང་ས་དང་ཆ་རྐྱེན་མེད་པར་བཟོ་བ་དང་། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ཧུར་ཐག་གིས་བསྐྲུན་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་མཉམ་དུ་རྟོག་ཞིབ་མཛད།
ཧོ་ལི་ཧྥུང་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།