
ཟླ2པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ2026ལོའི་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས14ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ2026ལོའི་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས།
ཟླ2པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ2026ལོའི་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ཤིང་སྦྲུལ་ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གདོང་གཏད་དེ། ང་ཚོས་དཀའ་ཁག་ལ་མ་འཛེམ་པར་མདུན་དུ་སྐྱོད་པ་དང་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཞིང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་འགྲུབ་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ་”མཇུག་བསྒྲིལ་ནས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་ཐད་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད།
ཟླ2པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ2026ལོའི་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུ་འཚོགས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་རྒྱལ་སའི་ལས་རིགས་སོ་སོའི་མི་སྣ་དང་ལྷན་དུ་འཛོམས་ནས་དུས་ཆེན་བསུས།
ལི་ཆང་གིས་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་འགོ་འཛིན་མཛད་པ་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་འདུར་ཞུགས།
ཟླ2པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ2026ལོའི་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུ་འཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུར་འགོ་འཛིན་བྱས།
མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་དགའ་སྤྲོའི་རྣམ་པས་ཁེངས། ལས་རིགས་ཁག་གི་མི་སྣ2000ལྷག་གཞི་གཅིག་ཏུ་འཛོམས་ནས་མཉམ་དུ་དུས་ཆེན་བསུས་ཤིང་། ཡུལ་དངོས་སུ་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པ་མངོན་ཡོད།
སྔ་དྲོའི་ཆུ་ཚོད10སྟེང་། དགའ་སྤྲོའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོམས་ཆེན་དུ་ཕེབས་ནས་ཚང་མར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ལུགས་རྙིང་ལོ་སར་ལ་སྨོན་འདུན་ཞུས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
མེ་ཕོ་རྟ་ལོའི་ལོ་སར་ཐོན་ལ་ཉེ། དེ་རིང་། ང་ཚོ་མཉམ་དུ་འཛོམས་ནས། ལོ་རྙིང་ཕར་སྐྱེལ་ཏེ་ལོ་གསར་བ་ཚུར་བསུས། ཐོག་མར། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་ཡིན། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་གཅིག་གི་ནང་དུ་ང་ཚོས་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ལེན་དུ་བསྟར་བ་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱས་ཤིང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། རང་རྒྱལ་གྱིས་དཔལ་འབྱོར་གྱི་གནོན་ཤུགས་ཐེག་ནས་མདུན་སྐྱོད་བྱས་ཤིང་། གསར་པ་དང་བཟང་ཕྱོགས་སུ་འཕེལ་རྒྱས་བཏང་ནས། མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་། རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བཅས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། བྱ་གཞག་ཁག་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱས། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན་པ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་བྱས། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པ་དང་“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འཕེལ་རྒྱས་ཀྱི་འཆར་གཞི་བཟོས། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་གཟབ་རྒྱས་ངང་དྲན་གསོ་བྱས་པ་དང་། ཐའེ་ཝན་ཚུར་ལེན་གྱི་དྲན་གསོའི་ཉིན་མོ་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བ་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་དུ་མཉམ་འབྲེལ་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་སྒྲུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་སྔར་ལས་གཅིག་ཏུ་བསྒྲིལ། ང་ཚོས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་གཞི་བཏོན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་མཐོ་རིམ་གྲོས་ཚོགས་དང་གོ་ལ་ཧྲིལ་པོའི་བུད་མེད་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་འཚོགས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། ཟང་ཟིང་གི་འཛམ་གླིང་ལ་ངེས་གཏན་གྱི་རང་བཞིན་དང་དྲང་ནུས་སྔར་ལས་མང་བ་བསྣན། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་བླངས་ནས། ཆབ་སྲིད་ཁོར་ཡུག་དང་སྤྱི་ཚོགས་དར་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གཅིག་རིང་གི་གྲུབ་འབྲས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན། གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་འབད་འཐབ་ལ་ཡིད་ཆེས་ཀྱིས་ཁེངས་བར་བྱས་ཡོད། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། གོམ་པ་རེ་རེ་བཞིན་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་པ་དང་། དུས་རིམ་རེ་རེ་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ཚེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་རྒྱུན་ཆད་མེད་པར་རྒྱལ་ཁ་ཆུང་ངུ་བསགས་ནས་རྒྱལ་ཁ་ཆེན་པོར་འགྱུར་ངེས་པས། ང་ཚོའི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ་ངེས་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་པའི་ལོ་ཡང་ཡིན། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་གཞི་གདངས་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ་དང་། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ཡི་འགོ་ཡག་པོ་རྩོམ་པར་འབད་པ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རེའི་ཏང་ནི་མི་དམངས་ཀྱི་ཆེད་དུ་བྱུང་བ་དང་མི་དམངས་ཀྱི་དོན་དུ་དར་རྒྱས་བྱུང་བས། ལས་དོན་མཐའ་དག་མི་དམངས་ཀྱི་ཆེད་དུ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མཐོ་བ་མཐའ་འཁྱོངས་བྱ་དགོས་ལ། ཡང་དག་པའི་སྲིད་འབྲས་ལྟ་བ་བཙུགས་ཏེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་པའི་གྲུབ་འབྲས་དངོས་གཏོད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭའི་རིག་གནས་ཁྲོད་རྟ་ནི་སྟོབས་དང་ལྡན་པ་དང་། ཉམས་པ་མེད་པའི་ཡར་ཐོན་ལྷུར་ལེན་གྱི་མཚོན་རྟགས་ཤིག་ཡིན་ཞིང་། བརྟན་པོའི་ངང་ནས་རྒྱང་རིང་དུ་སྐྱོད་པ་དང་། དར་རྒྱས་གོང་འཕེལ་འགྲོ་བའི་མདུན་ལྗོངས་གསལ་པོ་མཚོན། མེ་རྟ་ལོར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐབས་ལམ་གསར་པའི་སྟེང་རྟ་ལ་ལྕག་གིས་སྐུལ་ཏེ་ཞུམ་མེད་མདུན་སྐྱོད་བྱས་ནས། མཛེས་སྡུག་གི་མ་འོངས་པ་མཉམ་དུ་གཏོད་པའི་ཕུགས་རེ་བཅངས་ཡོད། མཇུག་ཏུ་ཚང་མ་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། ཁྱིམ་ཚང་འཆམ་མཐུན་ཡོང་བ། རྟ་ལོར་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་ཡིན།
རིག་རྩལ་ལས་སྒྲུབ་པས་ཡུལ་དངོས་སུ་ལྟད་མོ་བར་རྩེད་མོ་གྱ་ནོམ་པ་འཁྲབ་སྟོན་བྱས།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་གྲས་བཅས་ལོ་སར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས།
ད་དུང་ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི། ཆེད་མཁས་པ་དང་དེ་བཞིན་རྒྱལ་སའི་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ཞུགས་ཡོད།