

ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས7ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་ཐབས་མཆོག་འདི་ངེས་པར་དུ་རྒྱུན་འཁྱོངས་ལེགས་པོ་དང་། བེད་སྤྱོད་ལེགས་པོ། འཕེལ་རྒྱས་ལེགས་པོ་བཅས་བྱས་ནས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱེད་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་དགོས་ལ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་དམིགས་བསལ་དུ་ཡོད་པའི་ལེགས་ཆ་ལེགས་པར་བཏོན་ནས། སེམས་ནུས་གཅིག་སྒྲིལ་གྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བ་དེ་ཡུན་རིང་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་། སུན་ལེ་དང་། ཀྲོའུ་ཧྥུན། ཐང་ཝུའུ་ཞང་། ཧའོ་ཅིང་ཝུན། ཅང་ཞའོ་ཏུང་། ཀྲུའུ་ཡུའེ་མོང་བཅས་འཐུས་མི་དྲུག་གིས་སྔ་རྗེས་སུ་གཏམ་བཤད་བཤད་དེ། སོ་སོར་དམག་དཔུང་་དང་ས་ཁུལ་ལས་བརྒལ་བའི་ཁྲིམས་འཛིན་རོགས་ལས་དང་། ཏང་རྩ་འཛུགས་ཀྱིས་ཚན་ཞིབ་འགག་སྒྲོལ་ལ་འགོ་ཁྲིད་བྱེད་པ། དམག་མིའི་འཇོན་མི་སྐྱེད་སྲིང་། སྒྲིག་ཆས་གསར་པ་དང་སྟོབས་ཤུགས་གསར་པའི་ནུས་པ་གྲུབ་པར་བྱེད་པ་དང་བེད་སྤྱོད་བྱེད་པ། སྲོལ་བཟང་དར་སྤེལ་གཏོང་བ། དཔེ་མཚོན་སྐྱེད་སྲིང་དྲིལ་སྒྲོག་དང་སློབ་སྦྱོང་བེད་སྤྱོད་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱས་ཏེ་སྔར་མེད་ཀྱི་ཆོད་སེམས་དང་ཤུགས་ཚད་ལ་བརྟེན་ནས་ཆབ་སྲིད་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་བཏང་བ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གྲུབ་འབྲས་གལ་ཆེན་བླངས་ཡོད། དམག་དཔུང་ནི་མེ་མདའ་འཛིན་མཁན་ཡིན་པས། དམག་དཔུང་ནང་ཏང་ལ་བློ་མི་དཀར་བའི་མི་ཡོད་མི་རུང་ལ། རུལ་སུངས་པ་བསྐུང་ས་གཏན་ནས་ཡོད་མི་རུང་བར། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་མ་ཐག་ནས་བཟུང་ལྟ་སྐུལ་དོ་དམ་ནན་མོ་བྱེད་པའི་སྒྲིག་ལམ་དམ་པོ་བཙུགས་ཏེ། མ་དངུལ་གཏོང་ཕྱོགས་དང་། དབང་ཆ་བཀོལ་སྤྱོད། སྤུས་ཚད་དོ་དམ་ཚོད་འཛིན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། ལས་གཞི་གལ་ཆེན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། དམག་དཔུང་དང་ས་གནས་མཉམ་འདྲེས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས། ལྟ་སྐུལ་དོ་དམ་གྱི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས། དམག་གྲོན་སྔོན་རྩིས་དོ་དམ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་། དམག་གྲོན་སྤྲོད་མཁོའི་འགུལ་རྣམ་དོ་མཉམ་ལེགས་པོ་ཡོང་བ་དང་། འགྲོ་གྲོན་བེད་སྤྱོད་ཀྱི་འབྲེལ་ཐག་ཧྲིལ་པོར་དོ་དམ་ཚོད་འཛིན་དང་ལས་ཕྱོད་དཔྱད་དཔོག་བྱེད་ཤུགས་ཇེ་ཆེ་རུ་བཏང་ནས་། དངུལ་སྐར་མ་གང་ཡང་སྤྱོད་མཁོ་ཆེ་སར་སྤྱོད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱ་རྒྱུ་དེ། མཐར་གཏུགས་ན་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་དང་སྐུལ་སྤེལ་བྱེད་པར་བརྟེན་དགོས། རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། མཐོ་རིམ་ཏང་ཨུའི་འགོ་ཁྲིད་ཚན་པ་འདེམས་སྒྲིག་གནད་འཁེལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་རང་བརྟེན་དམ་འཛིན་དང་འཛུགས་སྐྱོང་བྱེད་ནུས་ཇེ་ཆེ་རུ་གཏོང་དགོས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་སྔར་ལས་ཞུམ་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་དགོས། ཏང་གིས་དམག་དོན་ལ་དོ་དམ་དང་། ཏང་གིས་ལས་བྱེད་པར་དོ་དམ། ཏང་གིས་ལས་རིགས་ལ་དོ་དམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་ནུས་པ་ཇེ་ཆེ་རུ་གཏོང་དགོས། ལས་འགན་གལ་ཆེན་འགག་སྒྲོལ་དང་། འགལ་བ་མངོན་གསལ་སེལ་བ། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་འགག་རྩའི་ནུས་པ་བཏོན་ནས། ཏང་གི་འགོ་ཁྲིད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། གསར་བརྗེ་ཅན་དང་ཆེད་ལས་ཅན་གྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། དཔོན་དམག་གིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་རྨང་གཞི་བརྟན་པོར་བཏིང་ནས། དེང་རབས་ཅན་གྱི་གོ་མཚོན་སྒྲིག་ཆས་གསར་བརྗེ་ཅན་གྱི་འཇོན་མིའི་དཔུང་ཁག་གི་ལག་ཏུ་འཛིན་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། འཇོན་མི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ཆ་རྐྱེན་འཐུས་ཚང་དུ་གཏོང་བ་དང་། མཉམ་འབྲེལ་དམག་འཐབ་བཀོད་འདོམས་དང་། དམག་འཐབ་སྟོབས་ཤུགས་གསར་པ། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད། ཆུ་ཚད་མཐོ་བའི་འཐབ་ཇུས་དོ་དམ་བཅས“འཇོན་མི་རིགས་བཞི”མ་ལག་ལྡན་པར་གསོ་སྐྱོང་བྱས་ཏེ། མིའི་ནུས་པ་དང་བྱང་ཚད་དེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལག་ལེན་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རེའི་ཏང་དང་རང་དམག་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་སྟེ། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྔོན་ཐོན་དཔེ་མཚོན་གསོ་སྐྱོང་དང་བསྔགས་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པ་དང་། སྲོལ་གསར་སྤྱོད་བཟང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གཞི་རིམ་དེ་སྲོལ་རྒྱུན་བཟང་པོའི་གཤིན་ས་ཞིག་ཏུ་བརྩི་བ་དང་། གནས་བབ་གསར་པའི་འོག་གི་གཞི་རིམ་འཛུགས་སྐྱོང་གི་ཆོས་ཉིད་དང་ཕན་ཡོད་བྱེད་ཐབས་ཧུར་ཐག་སྒོས་འཚོལ་ཞིབ་དང་། རྩ་བར་དོ་དམ་དང་། ཕུགས་ལ་ཕན་པ། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བྱ་བར་མཐོང་ཆེན་གྱིས་དམ་འཛིན་ཡག་པོ་བྱས་ཏེ། དམག་དཔུང་འཛུགས་སྐྱོང་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་སྔར་ལས་བརྟན་པོར་འདིང་དགོས།