ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས8ཉིན་གྱི་སྔ་དྲོར། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་སློབ་འགོ་ཚུགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། 

ཚེས8ཉིན་གྱི་སྔ་དྲོར། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་སློབ་འགོ་ཚུགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་དགོས། བསམ་བློ་དག་ཐེར་གྱི་འགུལ་སྐྱོད་སྤེལ་བ་དང་ཆབ་སྲིད་གསོ་སྦྱོང་ཟབ་སྒྱུར་བཏང་ནས། རང་རེའི་དམག་དཔུང་གི་ལས་བྱེད་པའི་གསར་བརྗེའི་སྙིང་སྟོབས་ལ་གསོ་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་ལྷད་མེད་གཟི་བརྗིད་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་རྣམ་པ་གསར་རྐྱང་གིས་དམག་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་རང་རེའི་ཏང་དང་དམག་དཔུང་ནི་ཕུགས་བསམ་དད་སེམས་ལ་བརྟེན་ནས་གོང་བུ་གཅིག་ཏུ་འགྲིལ་བ་ཞིག་ཡིན། ཏང་འདི་དང་དམག་དཔུང་འདིའི་ནང་ལ་ཞུགས་ན། མར་ཁེ་སིའི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་དགོས་པ་དང་། ཏང་གི་དད་མོས་དང་། ཏང་གི་རྩ་འཛུགས། ཏང་གི་བྱ་གཞག་བཅས་ལ་བློ་དཀར་སེམས་དཀར་བྱེད་དགོས། ཏང་གི་གསར་གཏོད་རིག་གཞུང་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། དེའི་མགོ་རྔ་བར་དུ་ཡོད་པའི་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཆུད་པར་བྱེད་པ། རིག་གཞུང་རྒྱབ་རྟེན་བྱས་པའི་རིག་པ་གསལ་པོར་བརྟེན་ནས་ཆབ་སྲིད་ཐད་བློ་རྩ་བརྟན་པོ་ཡོང་བར་འགན་སྲུང་བྱེད་དགོས། དམག་དཔུང་གི་འགོ་ཁྲིད་ལས་བྱེད་པ་སྤྱི་དང་། ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་གིས་སྣེ་ཁྲིད་དེ་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་དགོས་ཞིང་། སྐད་ཆ་དྲང་པོར་བཤད་པའི་མིག་དཔེ་བྱེད་པ་དང་གཞན་དང་བསྟུན་པའི་བློ་ཁོག་གསོ་སྐྱོང་བྱེད་དགོས། གནས་ཚུལ་ངོ་མ་བཤད་པ་དང་རྣ་ལ་མི་སྙན་ནའང་དྲང་པོར་བརྗོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ང་ཚོའི་ཏང་ནི་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པས། རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད། སྒེར་ཕན་གཉེར་བ་དང་རུལ་སུངས་ཀྱི་བསམ་བློ་དང་བྱ་སྤྱོད་མཐའ་དག་ཏང་གི་ངོ་བོ་དང་དམིགས་ཡུལ་དང་གཏན་ནས་མི་མཐུན། དམག་དཔུང་གི་རིམ་པ་སོ་སོའི་ལས་བྱེད་པས་རང་རྟོགས་ངང་ལངས་གནས་ཡང་དག་འཛིན་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། མང་ཚོགས་དང་ཁ་བྲལ་བའི་སྒེར་སེམས་སྣ་ཚོགས་ཁྱད་བསད་བྱེད་དགོས། མཐོ་རིམ་ལས་བྱེད་པས་རང་གིས་སྣེ་ཁྲིད་དེ་རང་རེའི་ཏང་དང་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་དགོས། དཔོན་ཉམས་སྤངས་ནས་གསར་བརྗེའི་དམག་མིའི་རང་མདངས་ཕྱིར་ལེན་པ་དང་། སྲོལ་བཟང་གསར་པ་དམག་དཔུང་དུ་སྔར་ལས་རྒྱས་པར་བྱེད་དགོས། བཅའ་ཁྲིམས་སྒྲིག་ལམ་ཤེས་པར་བྱེད་པ་དང་བརྩི་བ། བཅའ་ཁྲིམས་སྒྲིག་ལམ་ཐད་ཚང་མ་འདྲ་མཉམ་ཡིན་པ། བཅའ་ཁྲིམས་སྒྲིག་ལམ་སྲུང་བ་དང་ལག་བསྟར་བྱེད་སྐབས་དམིགས་བསལ་མེད་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་རང་རེའི་ཏང་དང་དམག་དཔུང་ནི་ནོར་འཁྲུལ་ཅན་གྱི་བསམ་བློ་དང་སྤྱོད་ཚུལ་སྣ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ལྡན་དུ་གྱུར་བ་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག མི་དམངས་དམག་དཔུང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྔར་ལས་མཐུན་སྒྲིལ་ཆེན་པོ་ཆགས་པ་དང་། གསར་བརྗེའི་སྔོན་རབས་པ་དང་ལོ་བརྒྱའི་བྱ་གཞག རླབས་ཆེན་གྱི་དུས་རབས་ལ་ངོ་གནོང་མི་དགོས་པའི་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བའི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་པའི་ཡིད་ཆེས་ཡོད་པ་བསྟན།

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་རྨིན་གྱིས་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་འགོ་འཛིན་བྱས། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོའི་སློབ་མ་དང་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། པེ་ཅིང་དུ་སྡོད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་འཛིན་གྲྭར་ཞུགས། སློབ་འགོ་ཚུགས་པའི་མཛད་སྒོ་བརྙན་རིས་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་རྩ་འཛུགས་བྱས་ཤིང་། དམག་ཡོངས་ཀྱི་འབྲེལ་ཡོད་འབུམ་སྡེའི་རིམ་པ་ཡན་གྱི་ལས་ཁུངས་སུ་ཡན་ལག་ཚོགས་ར་བཙུགས།