ཞི་ཅིན་ཕིང་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
ཁུངས། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་ཧྲང་ཧའེ་རུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་ཧྲང་ཧའེ་རུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།  ཁོང་གིས་ནན་གྱིས་བསྟན་དོན།  རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་རྩ་དང་ལག་རྩལ་གནད་དོན་ཡོད་ཚད་ཀྱི་འགག་རྩ་ཡིན།   ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་དངོས་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ།  རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་བཏང་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ།  ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། 

བཞུགས་མོལ་ཚོགས་འདུའི་སྟེང་ཚན་རྩལ་པུའུ་ཡི་པུའུ་ཀྲང་དབྱིན་ཧི་ཅོན་དང་། སློབ་གསོ་པུའུ་ཡི་པུའུ་ཀྲང་ཧོའེ་ཅིན་ཕིན། ཀྲུང་གོ་ཚན་རིག་གླིང་གི་མགོ་གཙོ་ཧོའུ་ཅན་གོ   ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཅི་ཉིང་། པེ་ཅིང་སློབ་ཆེན་རྩིས་རིག་ཚན་རིག་སློབ་གླིང་གི་མགོ་གཙོ་ལིའུ་རུའོ་ཁྲོན། ཀྲུང་གོ་ཚན་རིག་གླིང་ཧྲེན་ཀྲེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་གླིང་གི་མགོ་གཙོ་ལིའུ་ཁྲེན་ལི།   ཕུའུ་ཅང་ཚོད་ལྟ་ཁང་གི་དགེ་རྒན་ཆེན་མོ་ཆའོ་ཡུས། ནུབ་རྒྱུད་གློག་འགོག་མེད་པའི་རྒྱུ་ཆ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་དབུ་བཞུགས་ཚན་རིག་པ་ཀྲང་ཕིན་ཞང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། རྨང་གཞིའི་ཞིབ་འཇུག་བྱ་བར་ཤུགས་སྣོན་པར་གཞིགས་ནས་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་ཧྲང་ཧའེ་རུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཚང་མའི་གཏམ་བཤད་ལ་གསན་རྗེས།   ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་བསྟན་དོན།   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་རྨང་གཞིའི་ཞིབ་འཇུག་ལ་ཚད་མཐོའི་མཐོང་ཆེན་དང་། ཚན་ཞིབ་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། དངུལ་འཇོག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ་སོགས་ལ་བརྟེན་ནས་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་།     དེང་སྐབས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མྱུར་མོར་ཐོད་བརྒལ་བྱུང་ལ། འཛམ་གླིང་ཧྲིལ་བོའི་ཚན་རྩལ་འགྲན་རྩོད་དེ་ལྷག་ཏུ་རྨང་གཞིའི་མདུན་གྲལ་ཁྱབ་ཁོངས་སུ་ཕྱོགས་ཏེ།  གསར་རྩོམ་རང་བཞིན་དང་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། ང་ཚོས་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་ནས།  རྨང་གཞིའི་ཞིབ་འཇུག་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་ནས་མུ་མཐུད་དུ་དམ་འཛིན་དང་ཕན་འབྲས་གསར་པ་ཐོན་པར་རྒྱུན་ཆད་མེད་པར་དམ་འཛིན་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་ཧྲང་ཧའེ་རུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   སྤྱི་འདོམས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་བརྒྱབ་ནས།  རྨང་གཞིའི་ཞིབ་འཇུག་མ་ལག་གི་བཀོད་པ་ཇེ་ལེགས་སུ་གཏོང་དགོས། “ཕྱོགས་པ་བཞིའི་”འཐབ་ཇུས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་གཙོ་རྒོལ་ཁ་ཕྱོགས་དང་གཙོ་གནད་ཁྱབ་ཁོངས་སྔར་ལས་ཁ་གསལ་བཟོ་དགོས། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན་སོགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས་ལ། ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་བ་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་ཚད་ལྡན་དུ་གཏོང་བ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་སྤྱོད་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་གསར་སྤེལ། གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་གསར་གཏོད་མུ་ཕྲེང་བཟོ་དགོས། རྨང་གཞིའི་རིག་ཚན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།  ཉེར་སྤྱོད་རིག་ཚན་དང་རྨང་གཞིའི་རིག་ཚན་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།   སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་ལ་སྐུལ་འདེད་བཏང་ནས། སྐྱེད་སྲིང་དང་ནང་འདྲེན། བེད་སྤྱོད་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ།  རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་བརྩི་སྲུང་དང་། སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་ནས། རྨང་གཞིའི་ཞིབ་འཇུག་གི་རྗེས་གྲབས་སྟོབས་ཤུགས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱ་དགོས། ཚན་སློབ་མཉམ་སྡེབ་ཀྱིས་མི་སྣ་སྐྱེད་སྲིང་བྱེད་པའི་ལམ་སྲོལ་ལེགས་སྒྱུར་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་ཡུལ་དངོས་དང་པོར་ཤེས་ལྡན་མི་སྣ་གསར་རྙེད་དང་སྐྱེད་སྲིང་བྱེད་པར་དོ་སྣང་བྱེད་དགོས། ལས་འགན་གྱིས་སྣེ་ཁྲིད་དང་། རྒན་པས་གསར་ཁྲིད་རྒྱུན་འཁྱོངས་བྱས་ནས་ན་གཞོན་ཤེས་ལྡན་མི་སྣའི་རོགས་སྐྱོར་ཤུགས་ཆེར་གཏོང་དགོས།  ཚན་རིག་པའི་སྙིང་སྟོབས་དར་སྤེལ་དང་ཚན་རྩལ་ཁྱབ་གདལ་སྐོར་གྱི་དྲིལ་སྒྲོག་ཤུགས་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་བསམ་པའི་འཆར་སྒོ་དང་འཚོལ་ཞིབ་ཀྱི་འདོད་བློ་སྐུལ་སློང་བྱས་ནས།  རྨང་གཞིའི་ཞིབ་འཇུག་ནང་ཞུགས་རྒྱུ་དེ་གཞོན་ནུ་ལོ་ཆུང་སྔར་ལས་མང་པོའི་མི་ཚེའི་དོན་གཉེར་དུ་བསྒྱུར་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་དང་འགན་སྲུང་བྱ་རྒྱུར་ཤུགས་རྒྱག་དགོས། རྨང་གཞིའི་ཞིབ་འཇུག་གྲོན་དངུལ་གྱི་བསྡུར་ཚད་རིམ་བཞིན་མཐོ་རུ་བཏང་སྟེ།  སྣ་མང་ཅན་གྱི་དངུལ་འཇོག་གི་རྣམ་པ་ཆགས་པར་བྱ་དགོས། མ་ལག་ཅན་གྱི་བཀོད་པ་ལྟར་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པ་དང་། རིག་ནུས་ཅན་གྱི་ཚན་ཞིབ་ལས་སྟེགས་མ་ལག་འཛུགས་སྐྲུན་བྱེད་དགོས། རྨང་གཞིའི་ཞིབ་འཇུག་གི་ཁྱད་ཆོས་དང་མཐུན་པའི་རིགས་དབྱེ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་།  རྨང་གཞིའི་ཞིབ་འཇུག་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ནས།  སྒོ་འབྱེད་དཀྱེལ་ཡངས་དང་ཕམ་ཁར་བཟོད་སྒོམ་བྱེད་པའི་གསར་གཏོད་ཁོར་ཡུག་བསྐྲུན་དགོས། ཚན་ཞིབ་ཡིད་རྟོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  འཛམ་གླིང་ཧྲིལ་པོའི་གསར་གཏོད་དྲ་རྒྱར་རང་འགུལ་ངང་མཉམ་འདྲེས་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལ། གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་ཁོར་ཡུག   ཚེ་སྲོག་བདེ་ཐང་སོགས་ཚན་རིག་གི་གནད་དོན་གལ་ཆེན་གྱི་འགག་གནད་མཉམ་སྒྲོལ་བྱས་ནས།  འཛམ་གླིང་ཡོངས་ཀྱི་ཚན་རྩལ་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་དགོས།

ཏིང་ཞུའེ་ཞང་གིས་ཚོགས་འདུར་མགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་།  གནས་བབ་གསར་པ་དང་འགྲན་སློང་གསར་པར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ།  རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པར་འཐབ་ཇུས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན། གསུང་བཤད་ནི་གནས་བབ་དང་མཐུན་པ་མ་ཟད་ནང་དོན་ཕུན་སུམ་ཚོགས་ལ། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་བླངས་ནས། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་བློ་ཁོང་དུ་ཆུད་པར་བྱེད་དགོས་ལ། དགོས་གལ་རང་བཞིན་དང་འགན་འཁྲི་འཁུར་སེམས། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་བཏང་སྟེ། སྔར་ལས་བརྟན་པའི་ཡིད་ཆེས་དང་ཆོད་སེམས། སྔར་ལས་དངོས་གཉེར་གྱི་བྱེད་ཐབས་དང་བྱ་སྤྱོད་བཅས་ཀྱི་ཐོག་ནས་རྨང་གཞིའི་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་པ་མ་ཟད་ཐོག་མའི་གསར་རྩོམ་ནུས་པ་ཆེ་རུ་བཏང་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་དང་ཚན་རྩལ་རྒྱལ་ཁབ་ སྟོབས་ལྡན་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་དགོས།

དབྱིན་ལི་དང་ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ཀྲང་གོ་ཆིན། ཧོང་ཁུང་མུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས།  ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་དང་། འབྲེལ་ཡོད་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས། རྒྱལ་ཁབ་ཚོད་ལྟ་ཁང་། ཁེ་ལས་ཀྱི་འགན་ཁུར་བ། ཚན་ཞིབ་མི་སྣའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།