ཟླ5ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཉམ་དུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ“ཀྲུང་ཨུའི་མཛའ་བརྩེ་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་འཛུགས་པའི”པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།

ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་པ་གཉིས་ཀས་སྐབས་རེར་ནན་ཏན་གྱིས་གཟིགས་ནས་འགྲེལ་བཤད་ལ་གསན་པར་མ་ཟད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འགྲོ་འོང་མཉམ་ལས་ལ་དྲན་གསོ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུའི་མཛའ་བརྩེའི་རླབས་ཆེའི་བྱ་གཞག་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམ་པས་སྲ་ཞིང་བརྟན་ལ། བརྟན་པོར་རྒྱང་རིང་དུ་སྐྱོད་པ་དང་ཞུམ་མེད་མདུན་སྐྱོད་ཀྱིས་ངོ་མཚར་ཆེ་བའི་ལེའུ་གསར་པ་བསྟུད་མར་རྩོམ་ཐུབ་ངེས་རེད།
པར་རིས་འགྲེམས་སྟོན་དེ་ཞིན་ཧྭ་གསར་འགྱུར་ཁང་དང་ཨུ་རུ་སུའི་ཐཱ་སི་གསར་འགྱུར་ཁང་གིས་མཉམ་དུ་སྒྲུབ་པ་དང་། དུས་རབས་གསར་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་འགྲོ་འོང་ཟབ་མོ་གསོན་ཉམས་དོད་པོས་མངོན་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཐད་གོམ་པ་བརྟན་པོ་སྤོས་པ་ཕྱོགས་ཡོངས་ནས་མངོན།
དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་གསོལ་སྟོན་བཤམས།
ཚའེ་ཆི་དང་། ཏིང་ཞུའེ་ཞང་། ཝང་དབྱི་སོགས་རེ་རེ་བཞིན་གོང་གི་བྱེད་སྒོར་ཞུགས།