ཞི་ཅིན་ཕིང་གིས་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིར“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”གནང་བའི་མཛད་སྒོ་བསྡུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།


ཟླ5པའི་ཚེས25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིར“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”གནང་བའི་མཛད་སྒོ་བསྡུས།

ཟླ5པའི་ཚེས25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིར“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”གནང་བའི་མཛད་སྒོ་བསྡུས།

ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གྲལ་འགྲིག་པོར་བསྒྲིགས་ཤིང་། རྒྱབ་ལྗོངས་པང་ལེབ་སྟེང་གི་གསེར་མདོག་གི“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”ཀྱི་པར་རིས་ལས་བཀྲག་མདངས་རྣམ་པར་འཚེར།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་དམག་གཟེངས་རྟགས་གནང་བའི་སྟེགས་བུའི་གཞོགས་གཉིས་སུ་གུས་སྟབས་ཀྱིས་འགྲེང་ཡོད། 

མཛད་སྒོ་འགོ་བརྩམས་མ་ཐག་རྔམ་བརྗིད་ལྡན་པའི་གུས་ལུགས་རོལ་དབྱངས་དཀྲོལ་བ་དང་། གསེར་མདོག་གི་སྒོ་མོ་ཆེན་པོ་དལ་གྱིས་ཕྱེ་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཝུའུ་ཆི་ཆི་རྣམ་གཉིས་མཉམ་དུ་ཚོམས་ཆེན་དུ་ཕེབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕེང་ལི་ཡོན་དང་། སྲིད་འཛིན་ཝུའུ་ཆི་ཆི་ཡི་ལྕམ་མོ་ཐ་མ་ལ་གཉིས་མཉམ་དུ་ཚོགས་རར་ཕེབས། ཚོགས་ར་ཡོངས་ཀྱི་སྐུ་མགྲོན་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་མིག་གཏད་གུས་འདུད་ཞུས།

ཞི་ཅིན་ཕིང་དང་ཝུའུ་ཆི་ཆི་གཉིས་གཟེངས་རྟགས་གནང་བའི་སྟེགས་བུར་ཕེབས།

དམག་དཔུང་རོལ་མོ་རུ་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ། 

ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་སྲིད་འཛིན་ཝུའུ་ཆི་ཆི་ཡིས་དུས་ཡུན་རིང་པོར་ཀྲུང་གོ་དང་སེར་ཝེ་ཡའི་མཛའ་མཐུན་ལ་གཞོལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་བས། ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཛུགས་སྐྲུན་མཁན་དང་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་མཁན་ཡིན། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་སྲིད་འཛིན་ཝུའུ་ཆི་ཆིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ལ་ཆེས་བརྟན་པོ་དང་ཆེས་ཁ་གསལ་གྱི་རྒྱབ་སྐྱོར་གནང་སྟབས། རྒྱ་ཆེའི་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། མིག་སྔར། ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཧ་ཅང་བརྟན་པ་དང་། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ལ་ཀུན་གྱིས་ཡི་རངས་བྱས་ཤིང་། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་མི་སེམས་སུ་འཇགས་ནས། མཉམ་དུ་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་རྣམ་གྲངས་རབ་དང་རིམ་པ་བསྐྲུན་ཡོད། དོན་དངོས་ལས་ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་འཕེལ་རྒྱས་དོན་གཉེར་བྱས་པ་དང་། མཉམ་ལས་མཉམ་རྒྱལ་དང་མཉམ་དུ་གྲུབ་འབྲས་བརྩོན་ལེན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གནས་བདེ་སྐྱིད་བསྐྲུན་པ་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲོ་འོང་གི་མིག་དཔེ་བཙུགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་རིན་ཐང་ལྡན་པའི་དཔེ་གཞི་བཏོན་པ་ར་སྤྲོད་བྱས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཀྱི་གཟི་བརྗིད་གཟེངས་རྟགས་མཐོ་ཤོས་ཡིན་ལ། གཟེངས་རྟགས་འདི་ནི་སྲིད་འཛིན་ཝུའུ་ཆི་ཆིས་ཀྲུང་གོ་དང་སེར་ཝེ་ཡའི་མཛའ་མཐུན་ལ་བཞག་པའི་བྱས་རྗེས་ཐད་ཀྱི་ཁས་ལེན་མཐོན་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དུས་རབས་གསར་པའི་ཀྲུང་སེར་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐུགས་རེ་ཡང་བཅོལ་ཡོད། ཀྲུང་གོ་དང་སེར་ཝེ་ཡའི་མཛའ་མཐུན་དེ་ཀྱག་ཀྱོག་གི་བགྲོད་ལམ་མང་པོ་བརྒྱུད་པས། མིག་སྔའི་རྒྱལ་སྤྱིའི་ཛ་དྲག་གི་གནས་བབ་ཁྲོད་སྔར་ལས་རྩ་ཆེ་བར་སྣང་། ཀྲུང་གོ་དང་སེར་ཝེ་ཡའི་མི་དམངས་ཀྱིས་མཐའ་གཅིག་ཏུ་རང་བཙན་རང་བདག་འཚོལ་སྙེག་བྱེད་པ་དང་། མཐའ་གཅིག་ཏུ་མི་རིགས་ཀྱི་ལ་རྒྱ་སྲུང་བ། མཐའ་གཅིག་ཏུ་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་ན། རང་སོ་སོའི་འཕེལ་རྒྱས་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ལེན་ཐུབ་པ་ཁོ་ཐག་ཡིན་ཞེས་ནན་གྱིས་བསྟན།

དེའི་རྗེས་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བྱས་རྗེས་གཟེངས་རྟགས་བཀའ་རྒྱ》སྒྲོག་འདོན་བྱས།

གུས་དམག་གིས“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”ཚོགས་རར་སྲུང་སྐྱེལ་བྱས།

ཟླ5པའི་ཚེས25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིར“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”གནང་བའི་མཛད་སྒོ་བསྡུས།

 བརྗིད་ཉམས་ལྡན་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས་གཟབ་ནན་སྒོས་ཝུའུ་ཆི་ཆི་ལ་བྱས་རྗེས་གཟེངས་རྟགས་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཛའ་བརྩེ་ལྡན་པའི་ངང་ཕྱག་འཇུ་གནང་བ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། 

དམག་དཔུང་རོལ་མོ་རུ་ཁག་གིས་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ།

ཝུའུ་ཆི་ཆི་ཡིས་ཤིས་ཚིག་ཕུལ། ཝུའུ་ཆི་ཆིས་ཀྲུང་གོས་ང་ལ“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”གནང་བར་བཀའ་དྲིན་ཞུས་པ་ཡིན། ངས་སེར་ཝེ་ཡ་རྒྱལ་ཁབ་དང་མི་དམངས་ཀྱི་ཚབ་བྱས་ནས་བྱས་རྗེས་གཟེངས་རྟགས་དེ་དང་ལེན་བྱ་རྒྱུ་ཡིན། འདི་ནི་ངའི་མི་ཚེའི་ཆེས་གལ་ཆེ་བའི་དུས་སྐབས་ཤིག་ཡིན་ལ། བྱས་རྗེས་གཟེངས་རྟགས་འདི་ནི་ང་རང་ཉིད་ཀྱི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་པ་མ་ཟད། སེར་ཝེ་ཡས་བདག་དབང་དང་རང་བཙན། འཕེལ་རྒྱས་འཚོལ་སྙེག་བྱས་པའི་ཐད་ཀྱི་ཁས་ལེན་ཡང་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆུང་བར་བརྩི་འཇོག་བྱས་པ་དང་། དཀའ་ཁག་ལ་ཐུག་དུས་སེར་ཝེ་ཡའི་མི་དམངས་དང་མཉམ་དུ་ལངས་ནས། སེར་ཝེ་ཡར་རོགས་རམ་བྱས་པར་བརྟེན།  ང་ཚོས་ནམ་ཡང་ཀྲུང་གོའི་རྒྱབ་སྐྱོར་དང་རོགས་རམ་བརྗེད་མི་སྲིད། ངས་སེར་ཝེ་ཡ་དང་ཀྲུང་གོའི་མཛའ་མཐུན་ལ་མུ་མཐུད་འབད་འཐབ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་སེར་ཝེ་ཡ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུའུ་རེན་གཞོན་པ་ལི་ཀན་ཅེ། ལི་ཧུང་ཀྲུང་། ཝུའུ་ཀྲེང་ལུང་སོགས་མཛད་སྒོར་ཞུགས།