ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད།
ཁུངས། ཀློག་གྲངས།

ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཐུང་ལུན་ལ་དགའ་བསུའི་མཛད་སྒོ་སྤེལ་བ་ཡིན།

ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ཐུང་ལུན་གྱིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ལའོ་ཝུའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གོ་གནས་བསྟུད་མར་འགན་འཛིན་གནང་བར་ཡང་བསྐྱར་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལའོ་ཝུའོ་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དུ་བརྩིས་ཏེ། ལའོ་ཝུའོ་རྒྱལ་ཁབ་རང་ངོས་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལའོ་ཝུའོ་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་བཏང་ནས། གཉིས་ཕན་མཉམ་ལས་ཟབ་སྤེལ་དང་མཐུན་སྒྲིལ་རོགས་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བ་མཆོང་སྐྱོད་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པར་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས་པ་བསྟན།     

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་མུ་མཐུད་དུ་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུའི་ཐད་དགོངས་ཚུལ་བཞི་བཏོན་པ་སྟེ།

གཅིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གུང་ཁྲན་ཏང་གི་སྲིད་སྐྱོང་གོ་གནས་སྲུང་སྐྱོང་བྱེད་པ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ།  ཏང་གཉིས་ཀྱི་ལོ་ལྔའི་མཉམ་ལས་འཆར་གཞི་གསར་པ་ལག་བསྟར་ལེགས་པོ་བྱས་ནས། ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་དགོས།   རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་།   རྒྱལ་སྲུང་། སྤྱི་བདེ་བཅས་ཀྱི“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་འཛུགས་པའི་གོ་སྐབས་དང་བསྟུན་ནས།   ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ་རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས།

གཉིས་ནི་གཉིས་ཕན་མཉམ་ལས་ཀྱི་རྨང་རྡོ་བརྟན་པོ་འདིང་དགོས།  ཀྲུང་གོས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་འཕར་གཞི་གསར་པ་བསྐྲུན་དགོས། ང་གོ་དང་ལའོ་ཝུའོ་ཡི་ལྕགས་ལམ་གྱི་འཕེལ་རྒྱས་དགེ་མཚན་ལ་གཞི་ཚུགས་ཏེ།  འགྲམ་རྒྱུད་གསར་སྤེལ་དང“ས་གནས་གཅིག་ལ་ཞིབ་བཤེར་གཉིས”སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ལའོ་ཝུའོ་ཡི་དཔལ་འབྱོར་དར་ལམ་གྱི་མཉམ་ལས་སྤུས་ཚད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།  ཀྲུང་གོ་དང་། ལའོ་ཝུའོ། ཐེ་ལན་བཅས་ཀྱི་ལྕགས་ལམ་སྦྲེལ་མཐུད་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས།  སྔ་མོ་ནས་ས་ཁོངས་ནང་ཁུལ་གྱི་ཁྱབ་ཁོངས་སྔར་ལས་ཆེ་བ་ཕན་ཚུན་སྦྲེལ་མཐུད་མངོན་འགྱུར་ཡོང་བ་བྱེད་དགོས།  ཞིང་ལས་དང་གློག་ཤུགས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས།  ཀྲུང་གོས་ལའོ་ཝུའོ་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་དུ་རོགས་རམ་བྱེད་འདོད་ཡོད།

གསུམ་ནི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་དགོས།  ཕྱོགས་གཉིས་ཀྱིས་ད་ལོའི“ཀྲུང་གོ་དང་ལའོ་ཝུའོ་ཡི་མཛའ་མཐུན་ལོ”དེ་གོ་སྐབས་སུ་བཟུང་ནས། རིག་གནས་དང་། སློབ་གསོ།  འཕྲོད་བསྟེན།  ས་གནས་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་དང་།  གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་མངའ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས།  ཀྲུང་གོས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་འཇོན་མི་གསོ་སྦྱོང་ལས་གྲྭ་ལག་བསྟར་བྱས་ནས“ཆུང་ལ་མཛེས་པའི”དམངས་འཚོའི་ལས་གཞི་སྔར་ལས་མང་པོ་བསྐྲུན་འདོད་ཡོད།     

བཞི་ནི་ཕྱི་འབྲེལ་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཡུན་རིང་རྒྱུན་འཁྱོངས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱས་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་གིས་ཞུགས་པ། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་དོན་ཆེན་ཐད་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ལའོ་ཝུའོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུའི་རེ་བ་ཡོད།  ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། 

ཐུང་ལུན་གྱིས་བསྟན་དོན། འདི་ནི་ངས་ལའོ་ཝུའོ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གོ་གནས་བསྟུད་མར་འགན་འཛིན་བྱས་རྗེས་ཕྱི་རྒྱལ་དུ་དངོས་གཞིའི་འཚམས་འདྲི་བྱེད་ཐེངས་དང་པོ་དེ་ཡིན།  འདི་ནི་ལའོ་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བ་དང“ལའོ་ཀྲུང་མཛའ་མཐུན་ལོ”དང་ཏག་ཏག་འཁེལ་ཡོད་པས་དོན་སྙིང་གལ་ཆེན་ལྡན། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོའི་ཏང་དང་། སྲིད་གཞུང་།   མི་དམངས་བཅས་ཀྱིས་ལའོ་ཝུའོ་ལ་བརྩེ་སེམས་ཟབ་མོ་དང་རིན་ཐང་ཆེ་བའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ཐེངས་འདིའི་འཚམས་འདྲིའི་རིང་ངས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དངོས་སུ་མཐོང་། ཀྲུང་གོ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད་ལ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང། སྣེ་མང་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་གྱུར་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ལའོ་ཝུའོ་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་པའི་རྩ་ཆེའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད། དེང་སྐབས་ལའོ་ཀྲུང་གི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ལེགས་ཤོས་སུ་གནས་ཡོད་ལ། ལའོ་ཝུའོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ལའོ་ཝུའོ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ངེས་གནས་ལ་ཚད་མཐོའི་མོས་མཐུན་བྱེད་ཀྱིན་ཡོད་པར་མ་ཟད་ཕྱོགས་གཉིས་ཀྱི་འབྲེལ་བའི་ངེས་གནས་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།  རྒྱལ་སྲུང་དང་ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། དྲ་ལམ་རྒྱན་འཛུགས་དང་གློག་འཕྲིན་མགོ་སྐོར་སོགས་ལ་མཉམ་དུ་རྡུང་རྡེག་གཏོང་འདོད་ཡོད།  དཔལ་འབྱོར་ཉོ་ཚོང་དང་། མ་དངུལ་འཇོག་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ། དག་གཙང་ནུས་ཁུངས། གྲངས་འཛིན་དཔལ་འབྱོར། དེང་རབས་ཞིང་ལས། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལ། མི་ཚུལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ལའོ་ཀྲུང་བར་གྱི་དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་སྔར་བས་ཆུ་ཚད་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད།  

གྲོས་མོལ་མཇུག་བསྒྲིལ་རྗེས།  ཕྱོགས་གཉིས་ཀྱིས་ཏང་གཉིས་བར་དང་། དམངས་འཚོ། དངུལ་རྩ།  སྒོ་ཁྲལ།  དཔལ་འབྱོར་ཉོ་ཚོང་། ན་གཞོན་འགྲོ་འོང་། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་མཛད།

ཉིན་དེའི་དགོང་མོར་ཞི་ཅིན་ཕིང་དང་ཕིན་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཐུང་ལུན་སྐུ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།   

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།