ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བསྡུས་པའི་དགའ་བསུའི་མཛད་སྒོར་ཞུགས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཉིན་གུང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕིན་རང་ཅིན་རི་ཁྲིན་ཐང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨིན་གྱི་ཕེབས་རོགས་འོག ཁྲའོ་ཞན་མི་དམངས་དམག་གི་དམག་དཔུང་གསུམ་པའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་རྣམ་པ་རེད། 

ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཉིན་གུང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕིན་རང་ཅིན་རི་ཁྲིན་ཐང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

གནམ་གྲུ་ཐང་ནས་ཅིན་རི་ཁྲིན་ཐང་ཆེན་བར་དུ་ཁྲའོ་ཞན་མི་དམངས་ཀྱིས་ལམ་འགྲམ་དུ་ལག་བརྡ་བཏང་ནས་ཞི་ཅིན་ཕིང་ཕེབས་པར་དགའ་བསུ་ཞུས། ཅིན་རི་ཁྲིན་ཐང་ཆེན་གྱི་དཀྱིལ་དབུས་སུ་ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱི་འདྲ་པར་ཆེན་པོ་བཀལ་ཡོད་ལ། གཡས་གཡོན་གཉིས་སུ་ཀྲུང་གོ་དང་ཁྲའོ་ཞན་སྐད་གཉིས་ཀྱིས་བྲིས་པའི“ཁྲའོ་ཀྲུང་བར་གྱི་མཛའ་བརྩེ་ཡུན་རིང་གནས་པ”དང“སྲ་ཞིང་བརྟན་པའི་ཁྲའོ་ཀྲུང་མཛའ་བརྩེ་མཐུན་སྒྲིལ་ཁྲི་ལོར་ཤོག”ཅེས་པའི་སྦྱར་ཡིག་མངོན་པར་གསལ། རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། མི་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཉིན་གུང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕིན་རང་ཅིན་རི་ཁྲིན་ཐང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨིན་གྱི་ཕེབས་རོགས་འོག ཁྲའོ་ཞན་མི་དམངས་དམག་གི་དམག་དཔུང་གསུམ་པའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་རྣམ་པ་རེད། 

ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཉིན་གུང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕིན་རང་ཅིན་རི་ཁྲིན་ཐང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨིན་གྱི་ཕེབས་རོགས་འོག ཁྲའོ་ཞན་མི་དམངས་དམག་གི་དམག་དཔུང་གསུམ་པའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་རྣམ་པ་རེད། 

ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རླངས་འཁོར་ལ་བསྡད་ནས་ཕེབས་པ་ན།  རྟ་དམག་རུ་དཔུང་གིས་གྲལ་བསྒྲིགས་ནས་བསུ་མ་དང་དམག་དཔུང་རོལ་དབྱངས་རུ་ཁག་གིས་དགའ་བསུ་ཞུས། ཅིན་ཀྲེང་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་གཉིས་ཀས་ཐང་ཆེན་དུ་ཕེབས་བསུ་ཞུས། ཞི་ཅིན་ཕིང་བཟའ་ཟླ་དང་ཅིན་ཀྲེང་ཨེན་བཟའ་ཟླ་ཡིས་སོ་སོར་ཕྱོགས་གཉིས་ཀྱི་ཕེབས་རོགས་མི་སྣར་ལག་འཇུ་བྱས་ནས་འཚམས་འདྲི་གནང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མཉམ་དུ་གཟིགས་ཞིབ་སྟེགས་བུར་ཕེབས་ཏེ། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ནས་རྟེན་འབྲེལ་མེ་སྒྱོགས21བརྒྱབ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག ཁྲའོ་ཞན་མི་དམངས་དམག་གི་དམག་དཔུང་གསུམ་པའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། གཟབ་སྦྲེང་རུ་མིས་ཁྲའོ་ཞན་སྐད་ཀྱིས“བློ་མཐུན་ཞི་ཅིན་ཕིང་གི་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ”ཞེས་སྐད་གསང་མཐོན་པོས་བསྒྲགས། དེའི་རྗེས་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་མཉམ་དུ་ཡན་ལག་རུ་བསྟར་ལ་གཟིགས།

ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཉིན་གུང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕིན་རང་ཅིན་རི་ཁྲིན་ཐང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་མཉམ་དུ་ཡན་ལག་རུ་བསྟར་ལ་གཟིགས་པའི་རྣམ་པ་རེད། 

ཐང་ཆེན་དུ་ཀྲུང་གོ་དང་ཁྲའོ་ཞན་སྐད་གཉིས་ཀྱི་དགའ་བསུའི་སྦྱར་ཡིག་གི་དབུགས་ལྒང་བཏང་། ཕིན་རང་གི་ལས་རིགས་སོ་སོའི་མང་ཚོགས་དང་ལོ་ཆུང་བྱིས་པའི་ལུས་ལ་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས། ལག་ཏུ་དར་ཆ་དང་མེ་ཏོག དབུགས་ལྒང་བཟུང་སྟེ་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་འབོད་ཚིག་བསྒྲགས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱིས་འཚམས་འདྲིར་ཕེབས་པའི་ཀྲུང་གོའི་སྐུ་མགྲོན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ས་གདན་དམར་པོའི་སྟེང་མདུན་དུ་བསྐྱོད་བཞིན་དགའ་བསུ་ཞུ་བའི་མང་ཚོགས་དང་ལོ་ཆུང་བྱིས་པར་ཕྱག་བརྡ་གནང་ནས་གུས་འདུད་ཞུས།

དེའི་རྗེས་སུ་ཞི་ཅིན་ཕིང་དང་ཕིན་ལི་ཡོན་གཉིས་རླངས་འཁོར་ལ་བསྡད་དེ་ཅིན་ཞིའུ་ཧྲན་མགྲོན་ཁང་དུ་ཕེབས། ཅིན་ཀྲེང་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་གཉིས་ཀྱིས་དངོས་སུ་མགྲོན་ཁང་དུ་བསྐྱལ།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས།