
ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕིང་རང་ཅིན་ཞིའུ་ཧྲན་སྐུ་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕིང་རང་ཅིན་ཞིའུ་ཧྲན་སྐུ་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕིང་རང་ཅིན་ཞིའུ་ཧྲན་སྐུ་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ལོ7འགོར་རྗེས་སླར་ཡང་མཛེས་སྡུག་ལྡན་པའི་ཕིང་རང་དུ་འཚམས་འདྲིར་ཡོང་ན། ང་ཧ་ཅང་དགའ་པོ་བྱུང་ལ་ཤིན་ཏུ་སྙིང་ཉེ་བ་ཞིག་རེད། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བཟུང་སྟེ། དུས་སྐབས་གསར་པའི་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡོང་བའི་ཐད་ཕན་ནུས་འདོན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཕུགས་བསམ་དད་སེམས་དང་འབད་འཐབ་དམིགས་འབེན་ལ་རྩ་བ་ཚུགས་ཡོད། ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། བརྩེ་འདང་གི་འབྲེལ་ཐག་བརྟན་པོ་ཡིན། མི་རབས་ནས་མི་རབས་བར་མཛའ་མཐུན་དང་། ལས་སྐལ་གཅིག་མཐུན། ཕན་ཚུན་རོགས་རེས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་ལངས་ཕྱོགས་བརྟན་པོ་ཡིན་པ་དང་འགྱུར་མི་སྲིད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་འགོ་ཁྲིད་བྱེད་པའི་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་འགྱུར་མི་སྲིད་ལ། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཐབ་ཇུས་ཁོར་ཡུག་བཟང་པོ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་ཡིན་པ་དང་འགྱུར་མི་སྲིད།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཛམ་གླིང་གི་འགྱུར་ལྡོག་ཆེན་པོ་ཇེ་མགྱོགས་སུ་འགྱུར་བའི་གནས་བབ་ལ་ཁ་གཏད་དེ། ཕྱོགས་གཉིས་ཀྱིས་མཐོ་ས་ནས་རྒྱང་ལ་ལྟ་དགོས་པ་དང་སྔ་འཛིན་ཕྱི་གཏོད་བྱེད་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་དགོས་ལ། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོའི་ཁྲོད་གོ་སྐབས་དམ་འཛིན་བྱེད་པ་དང་། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་དུས་རབས་འདིའི་ནང་དོན་གསར་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་རེ་བ་ཡོད་པའི་མདུན་ལམ་གཏོད་དགོས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་དགོངས་འཆར་བཞི་བཏོན།
དང་པོ། མཐོ་རིམ་འགྲོ་འོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཆེས་མཐོའི་འགོ་ཁྲིད་པས་འཐབ་ཇུས་སྣེ་ཁྲིད་བྱེད་པ་ནི་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་ལེགས་ཆ་ཆེ་ཤོས་དེ་རེད། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་འཐབ་ཇུས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་ཚད་གསར་པར་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་འདོད། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་བར་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག་བཞག་ནས་ལོ65འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་རྗེས་དྲན་བྱེད་སྒོ་གཟབ་རྒྱས་སྤེལ་དགོས། ཏང་གཉིས་ཀྱི་འབྲེལ་བ་དེས་ཀྲུང་ཁྲའོ་འབྲེལ་བ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་སྟབས། ཏང་གཉིས་ཀྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་འགྲོ་འོང་སྔར་ལས་རྒྱ་ཆེར་དང་རྒྱུན་རྣམ་ཡོང་བར་བྱས་ཏེ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དང་། ཁྲིམས་བསྟར། དམག་དཔུང་སོགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་དགོས་པ་དང་། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་འཕེལ་རྒྱས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།
གཉིས་པ། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དམིགས་ཡུལ་དུ་འཛིན་པར་རྒྱུན་འཁྱོངས་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། འཛུགས་སྐྲུན། ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐའ་མཚམས་འགག་སྒོ་ཡང་བསྐྱར་འབྲེལ་མཐུད་སླར་གསོ་བྱུང་བ་དང་། དམངས་སྤྱོད་དུས་གཏན་མཁའ་འགྲུལ་དང་། རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་སླར་གསོ་བྱུང་བའི་གོ་སྐབས་དང་བསྟུན་ནས། མི་སྣ་འགྲོ་འོང་རྒྱ་སྐྱེད་བཏང་སྟེ་གཉིས་མཐུན་མཉམ་འགྲོགས་ཀྱི་རྣམ་པ་མངོན་འགྱུར་བྱེད་དགོས།
གསུམ་པ། མཛའ་མཐུན་རྒྱུན་འཛིན་དེ་སྒུལ་ཤུགས་སུ་མཐའ་འཁྱོངས་བྱས་ནས། དམངས་སེམས་གཅིག་སྦྲེལ་གྱི་འབྲེལ་ཐག་དམ་པོར་འཛིན་དགོས། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་ཁྲག་དྲོན་ལས་གྲུབ་པའི་སྲོལ་རྒྱུན་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་རེད། ཀྲུང་གོའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་ཆས་དེ་ཐུན་མོང་གིས་སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ་བྱས་ཏེ། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་བསམ་བློའི་སློབ་གསོ་སྤེལ་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་གསར་བརྗེའི་རྒྱུད་རྒྱུ་དང་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་བཟང་བོ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཁྲའོ་ཞན་དང་མཉམ་དུ་རང་སོ་སོའི་ལེགས་ཆ་ལྡན་པའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས། སློབ་གསོ་དང་། རིག་རྩལ། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར། ན་གཞོན། ས་གནས། མཛའ་མཐུན་གྲོང་ཁྱེར་སོགས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་སེམས་གཏིང་ལ་ཟུག་ཐུབ་པར་བྱས་ཡོད།
བཞི་པ། དྲང་སྙོམས་དྲང་བདེན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འཐབ་ཇུས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། མིའི་རིགས་ཕྱོགས་གང་དུ་བསྐྱོད་དགོས་པའི་ཞིབ་འཇུག་གི་བརྗོད་གཞི་གལ་ཆེན་དེའི་མདུན་དུ། ངས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་བཏོན་ཡོད་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་དང་། ཁྲའོ་ཞན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་དང་དང་ལེན་བྱེད་པར་རེ་སྒུག་བྱས་ཡོད། ཡ་གླིང་ནི་ཀྲུང་གོ་དང་ཁྲའོ་ཞན་སོགས་རྒྱལ་ཁབ་ཁག་གི་ཆགས་ས་བརྟེན་ས་ཡིན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། རང་དབང་གི་དབང་ཆ་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱས་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས།
ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕིང་རང་ཅིན་ཞིའུ་ཧྲན་སྐུ་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕིང་རང་ཅིན་ཞིའུ་ཧྲན་སྐུ་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕིང་རང་ཅིན་ཞིའུ་ཧྲན་སྐུ་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།
ཅིན་ཀྲེང་ཨེན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ7འགོར་རྗེས་སླར་ཡང་ཁྲའོ་ཞན་ལ་འཚམས་འདྲི་གནང་བས། ཁོང་ནི་ཁྲའོ་ཞན་མི་དམངས་ཀྱིས་བརྩི་འཇོག་ཆེས་ཆེ་བའི་སྐུ་མགྲོན་ཡང་ཡིན། ང་ཚོས་ཆེས་གཟབ་རྒྱས་དང་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོར་ཐོག་དང་པོར་ཁྲའོ་ཞན་ལ་འཚམས་འདྲི་གནང་བར་བརྟེན། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་མཛའ་མཐུན་གྱི་བརྩེ་བ་མཚོན་པ་དང་ཁྲའོ་ཞན་ཕྱོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ད་ཐེངས་ཀྱི་འཚམས་འདྲི་ལས་ཡུན་རིང་ཉམས་ཚོད་ལེན་པའི་རང་བཙན་དང་དྲང་བདེན་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པའི་ཁྲའོ་ཞན་བར་གྱི་འབྲེལ་བ་ནི་ཇི་འདྲའི་བརྟན་པོ་ཞིག་ཡིན་པ་སླར་ཡང་གསལ་པོ་མཚོན་ཡོད། ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་རང་བཞིན་ནི་ང་ཚོ་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་ཐུག་ཡོད་པ་དང་། ཕྱོགས་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་དང་ཐུན་མོང་གི་ཕུགས་བསམ་ལྡན་པར་རག་ལས་ཡོད་པར་མ་ཟད། ཕན་ཚུན་མཐོང་ཆེན་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་བར་ཡང་ཐུག་ཡོད།
ཅིན་ཀྲེང་ཨེན་གྱིས་བསྟན་དོན། ན་ནིང་ཟླ9པར་ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིན་དུ་ཐུག་འཕྲད་བྱུང་རྗེས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱབ་ཁོངས་ཁག་ཏུ་འཕེལ་རྒྱས་ཆེན་པོ་བྱུང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དངོས་བསྐྲུན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་བཏོན་པའི་དགོངས་འཆར་གལ་ཆེན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྲའོ་ཞན་ཕྱོགས་ཀྱི་སྡེ་ཁག་སོ་སོས་ཀྲུང་གོའི་ཕྱོགས་ཀྱི་བློ་མཐུན་ཚོ་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ཚན་རྩལ། སློབ་གསོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཆེན་པོའི་བརྗེ་རེས་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་བར་གྱི་ཐབས་ལམ་བརྒྱུད་དེ་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་རྒྱུར་ཤུགས་བསྣན་ནས་ཁྲའོ་ཞན་ཕྱོགས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་འགྲོ་བར་རྩ་ཆེའི་རམ་འདེགས་མཁོ་འདོན་བྱེད་པ་དང་། ཁྲའོ་ཞན་མི་དམངས་ཀྲུང་གོའི་མི་དམངས་དང་མཉམ་དུ་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པར་རོགས་རམ་བྱས་ཡོད།
ཅིན་ཀྲེང་ཨེན་གྱིས་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་སྟེང་ཧ་ལས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་གི་གོ་གནས་ཀྱང་ཧ་ཅང་མཐོ་རུ་ཕྱིན་ཡོད་པ་དགའ་སྤྲོའི་ངང་མཐོང་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་ཡིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གཏིང་ཟབ་ལྡན་ལ། འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་བྱུང་མ་མྱོང་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་དེ། ཁྲའོ་ཞན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། དུས་རབས་གསར་པའི་ཁྲའོ་ཞན་དང་ཀྲུང་གོའི་བར་མཛའ་བརྩེ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་གདམ་ག་དང་དུས་རབས་ཀྱི་དགོས་མཁོ་ཡིན་ལ། ཁྲའོ་ཞན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འཐབ་ཇུས་ཀྱི་གདམ་ག་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ཀྱི་འདོད་བློ་ཡིན། ང་ཚོས་སྔར་བཞིན་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་བྱ་གཞག་གལ་ཆེན་དུ་བརྩིས་ནས། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ཏུ་འཛུགས་པར་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དར་རྒྱས་གཏོང་ཆེད་ཐུན་མོང་གིས་བྱས་རྗེས་འཇོག་དགོས།
ཚའེ་ཆི་དང་ཝང་དབྱི་སོགས་གྲོས་མོལ་ལ་ཞུགས།