རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་པེ་ཅིན་དུ་བསྡུས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།

རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཚེས8ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། ཁོང་གིས་ནན་གྱིས་བསྟན་དོན།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་གནད་འགག་གི་འགག་སྒྲོལ་དུས་སྐབས་ཤིག་ཡིན།  ལོ་རྒྱུས་ཀྱི་གོ་སྐབས་ངེས་པར་དུ་དམ་འཛིན་བྱས་ནས་དུས་རབས་ཀྱི་འགྲན་སློང་བསུ་དགོས་ལ།  ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས།  2035ལོར་སླེབས་སྐབས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐུབ་པའི་དམིགས་འབེན་ཕྱོགས་སུ་བློ་རྩ་བརྟན་པོས་མདུན་དུ་སྐྱོད་དེ། ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདེགས་སྐྱོར་དང་སྣེ་ཁྲིད་ཏན་ཏིག་བྱ་དགོས།

ལི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་།  ཚའེ་ཆི། ལི་ཞིས་བཅས་ཚོགས་ཆེན་ལ་ཞུགས་པ་དང་ཏིང་ཞུའེ་ཞང་གིས་བྱ་དགའི་གཏན་འབེབས་སྒྲོག་སྦྱངས་གནང་། 

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་། ལི་ཆིང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་།  ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞིས་བཅས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་ཆུ་ཚོད10པ་དང་སྐར་མ30ཡི་ཐོག་ཚོགས་ཆེན་འགོ་ཚུགས། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

ཏིང་ཞུའེ་ཞང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་གཏན་འབེབས་སྒྲོག་འདོན་གནང་།

མཛད་སྒོའི་དུང་བརྡ་གྲག་པ་ན། ཞི་ཅིན་ཕིང་གིས་ཐོག་མར2025ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་པའི་ཀྲུང་གོ་ཚན་རིག་གླིང་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ལི་ཆོན་དང་། ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཞིབ་འཇུག་ཁང་བཅུ་བཞི་པའི་ཡོན་ཧྲི་པུན་ཏེ་ལ་གཟེངས་རྟགས་དང་དཔང་ཡིག་གནང་ནས། སྤྲོ་སེམས་འཁོལ་བའི་ངང་ཁོང་གཉིས་ལ་ཕྱག་འཇུ་གནང་བ་དང་རྟེན་འབྲེལ་ཞུས། དེའི་རྗེས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བྱ་དགའ་མཐོ་ཤོས་ཐོབ་པའི་ཁོང་གཉིས་དང་མཉམ་དུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོབ་པའི་འཐུས་ཚབ་བཅས་ལ་དཔང་ཡིག་གནང་།

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་པའི་ཀྲུང་གོ་ཚན་རིག་གླིང་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲིཁྲེན་ལི་ཆོན(གཡས)་དང་། ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཞིབ་འཇུག་ཁང་བཅུ་བཞི་པའི་ཡོན་ཧྲི་པུན་(གཡོན)ཏེ་ལ་བྱ་དགའི་གཟེངས་རྟགས་གནང་།

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་པའི་ཀྲུང་གོ་ཚན་རིག་གླིང་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲིཁྲེན་ལི་ཆོན་ལ་བྱ་དགའི་གཟེངས་རྟགས་གནང་།

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཞིབ་འཇུག་ཁང་བཅུ་བཞི་པའི་ཡོན་ཧྲི་པུན་ཏེ་ལ་བྱ་དགའི་གཟེངས་རྟགས་གནང་།

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཆེས་མཐོའི་བྱ་དགའ་ཐོབ་གཉིས་དང་ལྷན་ཅིག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོན་མཁན་གྱི་འཐུས་ཚབ་པར་གཟེངས་བསྟོད་དཔང་ཡིག་སྤྲད། 

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཆེས་མཐོའི་བྱ་དགའ་ཐོབ་གཉིས་དང་ལྷན་ཅིག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོན་མཁན་གྱི་འཐུས་ཚབ་པར་གཟེངས་བསྟོད་དཔང་ཡིག་སྤྲད། 

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཆེས་མཐོའི་བྱ་དགའ་ཐོབ་གཉིས་དང་ལྷན་ཅིག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོན་མཁན་གྱི་འཐུས་ཚབ་པར་གཟེངས་བསྟོད་དཔང་ཡིག་སྤྲད། 

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཆེས་མཐོའི་བྱ་དགའ་ཐོབ་གཉིས་དང་ལྷན་ཅིག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོན་མཁན་གྱི་འཐུས་ཚབ་པར་གཟེངས་བསྟོད་དཔང་ཡིག་སྤྲད། 

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཆེས་མཐོའི་བྱ་དགའ་ཐོབ་གཉིས་དང་ལྷན་ཅིག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོན་མཁན་གྱི་འཐུས་ཚབ་པར་གཟེངས་བསྟོད་དཔང་ཡིག་སྤྲད། ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཆེས་མཐོའི་བྱ་དགའ་ཐོབ་གཉིས་དང་ལྷན་ཅིག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོན་མཁན་གྱི་འཐུས་ཚབ་པར་གཟེངས་བསྟོད་དཔང་ཡིག་སྤྲད། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཆེས་མཐོའི་བྱ་དགའ་ཐོབ་གཉིས་དང་ལྷན་ཅིག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོན་མཁན་གྱི་འཐུས་ཚབ་པར་གཟེངས་བསྟོད་དཔང་ཡིག་སྤྲད། 

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

2025ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ལས་བསྡོམས་པས་རྣམ་གྲངས258དང་ཚན་རྩལ་ཆེད་མཁས་པ11དཔྱད་འདེམས་བྱས། དེའི་ནང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་མི2ཡོད་པ་དང་། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ51ནང་བྱ་དགའ་རིམ་པ་དང་པོ3དང་བྱ་དགའ་རིམ་པ་གཉིས་པ48ཡོད། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ58ནང་བྱ་དགའ་རིམ་པ་དང་པོ3དང་བྱ་དགའ་རིམ་པ་གཉིས་པ55ཡོད། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ149ནང་དམིགས་བསལ་བྱ་དགའ3དང་། རིམ་པ་དང་པོའི་བྱ་དགའ13། རིམ་པ་གཉིས་པའི་བྱ་དགའ133ཡོད། ཕྱི་རྒྱལ་ཆེད་མཁས་པ9ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་སྤྲད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འབུར་ཐོན་གོ་གནས་སུ་བཞག་སྟེ། མ་ལག་ལྡན་པའི་ངང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་འཆར་གཞི་བཀོད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས། ཚན་རྩལ་སྒྲིག་སྲོལ་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཚན་རྩལ་བྱ་གཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་། རང་རྒྱལ་ད་ལྟ་འཛམ་གླིང་ཚན་རྩལ་གྱི་ནང་ཞུགས་མཁན་དང་། བྱས་རྗེས་འཇོག་མཁན་ནས་གསར་འབྱེད་མཁན་དང་། སྣེ་ཁྲིད་མཁན་བཅས་སུ་འགྱུར་བཞིན་ཡོད་པ་མ་ཟད་དེ་ཉིད་ཇེ་མགྱོགས་ནས་ཇེ་མགྱོགས་རེད། གསར་གཏོད་ནུས་པ་འཕར་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་བསྟན།

ཞི་ཅིན་ཕིང་གིས། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དང་། འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པ་བཅས་ལ་འགྱུར་བ་གཏིང་ཟབ་བཏང་ཡོད། ང་ཚོས་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་བསྟུན་ནས། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཁྲོད་ལྷག་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་ཚན་རྩལ་བྱ་གཞག་སྐོར་གྱི་བཀོད་སྒྲིག་སོ་སོའི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་མ་ལག་ཅན་གྱི་འགག་སྒྲོལ་ནུས་པ་ཇེ་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཇེ་ཆེ་རུ་གཏོང་དགོས། ཁ་ཕྱོགས་པ་བཞི་ཡི་འཐབ་ཇུས་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཚན་རྩལ་འཐབ་ཇུས་ཀྱི་འཆར་འགོད་དང་། སྲིད་ཇུས་བྱེད་ཐབས། ལས་འགན་གལ་ཆེན། ཚན་ཞིབ་སྟོབས་ཤུགས། ཐོན་ཁུངས་ལས་སྟེགས། ཁུལ་ཁོངས་གསར་གཏོད་སོགས་ཀྱི་ཐད་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་སྔར་ལས་ཇེ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཚན་རྩལ་གསར་གཏོད་ལས་འགན་གལ་ཆེན་གྱི་བཀོད་སྒྲིག་དང་སྒྲིག་འཛུགས་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་རྨང་གཞིའི་ཆ་རྐྱེན་གྱི་རང་བདག་འགན་སྲུང་བྱེད་ཤུགས་ཇེ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་བྱེད་ནུས་གནས་ངེས་དང་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་བྱེད་པ་དང་། ལས་འགན་མཉམ་སྒྲུབ་དང་། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཚན་རྩལ་བྱ་བ་ལ་སྤྱི་འདོམས་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་བྱེད་པ་དང་། ཁུལ་ཁོངས་བར་མཉམ་འགུལ་བྱེད་པའི་ལམ་ལུགས་ཆགས་པར་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་བར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཚན་རྩལ་དེ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་མགྱོགས་མྱུར་སྒོས་བརྗེ་སྒྱུར་གཏོང་བའི་ཐབས་ལམ་གཏོད་དགོས། ཚན་རྩལ་གསར་གཏོད་ཐད་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་འབུར་ཐོན་བྱེད་པ་དང་། ཐོན་ལས་གསར་གཏོད་ཐད་ཚན་རིག་ཕྱོགས་ཀྱི་དོགས་འདྲི་སློང་དགོས། རྒྱལ་ཁབ་ལག་རྩལ་སྤོ་སྒྱུར་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། སྣ་མང་ཅན་གྱི་བཀོལ་སྤྱོད་རྣམ་པ་དང་ཆུ་ཚད་མཐོ་བའི་ཐོན་ལས་ཁྱུ་ཚོགས་བསྐྲུན་ནས། རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་ལག་རྩལ་དང་ཐོན་རྫས་ཀྱི་ཁྱབ་གདལ་བེད་སྤྱོད་དང་གསར་བརྗེ་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་འཛུགས་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས། ཚན་རིག་གི་མ་འོངས་པ་ནི་ན་གཞོན་ལ་རག་ལས་ཡོད། ཚན་ཞིབ་དང་སློབ་གསོའི་མཐུན་སྦྱོར་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་ལེགས་སྒྱུར་བཏང་ནས། ཤུགས་ཆེན་པོས་ཕུལ་བྱུང་ན་གཞོན་ཚན་རྩལ་འཇོན་མི་གསོ་སྐྱོང་བྱེད་དགོས། ཚན་ཞིབ་མི་སྣ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ། ཁོ་ཚོ་བློ་རྩེ་གཅིག་བསྒྲིམས་ངང་བརྩོན་ཞིབ་བྱེད་ཐུབ་པ་དང་། ལུས་བདེ་བློ་བདེ་ཡོང་བའི་ངང་ལས་ལ་ཞུགས་ཐུབ་པར་བྱེད་དགོས། ན་གཞོན་ལོ་ཆུང་གི་སྤྲོ་སྣང་དང་ཁྱད་ཆོས། ཚན་རིག་ཤེས་བྱའི་བྱང་ཚད། ཚན་རིག་ཚོད་ལྟ་བྱེད་པའི་ནུས་པ་བཅས་སྔོག་འདོན་དང་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས། ཚན་ཞིབ་བག་ཤུགས་ལྡན་པའི་ན་གཞོན་ལོ་ཆུང་སྔར་ལས་མང་བ་ཚན་རྩལ་བྱ་གཞག་ནང་ཞུགས་དུ་འཇུག་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་ཀྱི་དངུལ་གཏོང་ཕན་ནུས་ཇེ་ཆེ་རུ་བཏང་ནས། དངུལ་གཏོང་གཞི་ཁྱོན་ཇེ་ཆེར་འགྱུར་བ་དང་ཕན་ནུས་མཐོར་འདེགས་བར་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་ལས་འགན་གལ་ཆེན་ཐད་ཀྲུང་དབྱང་དང་ས་གནས་ཀྱིས་དེའི་འགན་མཉམ་འཁུར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་འཆར་གཞིའི་དོ་དམ་ལེགས་བཅོས་བྱེད་པ་དང་། ཚན་རྩལ་རྣམ་གྲངས་ལ་ལྟ་སྐུལ་ཞིབ་བཤེར་དང་བྱས་འབྲས་དཔྱད་དཔོག་བྱེད་ཤུགས་ཐད་ཤུགས་སྣོན་དགོས། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་དངུལ་གཏོང་བྱེད་ཤུགས་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་མང་བས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པར་སྐུལ་སློང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ཚན་རྩལ་དཔྱད་འཇོག་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། ཚན་རྩལ་དཔྱད་འཇོག་གི་བཀོད་འདོམས་ཀྱི་སྣེ་ཁྲིད་ནུས་པ་ལེགས་པོར་སྤྱོད་དགོས་པ་དང་། རྣམ་གྲངས་དཔྱད་ཞིབ་དང་ལས་ཁུངས་དཔྱད་དཔོག འཇོན་མིར་དཔྱད་འཇོག་བཅས་ཀྱི་ནུས་པ་དང་སྤུས་ཚད། ཕན་འབྲས། བྱས་རྗེས་གླེང་ཕྱོགས་བཅས་གསར་གཏོད་བྱེད་པར་ཤུགས་སྣོན་དགོས། “ཁོ་ན་བཞི་གཏོར་བ”ཇེ་མགྱོགས་སུ་བཏང་སྟེ། ཚན་སློབ་ལས་རིགས་ཁག་གི༼དབང་ལ་བརྟེན་ནས་ཐོབ་ཐང་བཀོལ་བ༽མུ་མཐུད་དུ་བཅོས་སྐྱོང་བྱ་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་། ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཚན་ཞིབ་ཁོར་ཡུག་བསྐྲུན་དགོས་པ་བསྟན། 

ཞི་ཅིན་ཕིང་གིས་ཚན་རྩལ་མི་ཆོས་དང་བདེ་འཇགས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ཚན་རྩལ་ཡར་ཐོན་དང་བདེ་འཇགས་ཚོད་འཛིན། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ལ་སྐུལ་འདེད་གཏོང་དགོས། སྲིད་ཇུས་ལམ་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ། བཅོས་སྐྱོང་ཚད་ལྡན་བཅས་འཐུས་ཚང་དུ་བཏང་སྟེ། ཕྱོགས་མང་པོ་ནང་དུ་ཞུགས་པ་དང་མཉམ་ལས་མཉམ་བཅོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་མི་ཆོས་ཚད་གཞི་དང་ཁྲིད་སྟོན་དེ་གསལ་བོ་བྱས་ཏེ། ཚན་རྩལ་བདེ་འཇགས་ཀྱི་ཉེན་ཁའི་ཞིབ་འཇུག་བརྡར་གཅོད་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ། འཕྲལ་བསྟུན་དང་ལེན་བཅས་ལ་ཤུགས་སྣོན་དགོས། འཛམ་གླིང་གི་ཚན་རྩལ་བཅོས་སྐྱོང་ནང་ཞུགས་ཏེ། ཀྲུང་གོའི་འདོད་བློ་དང་ཀྲུང་གོའི་ཇུས་གཞི་རྒྱ་ཁྱབ་ངང་དྲིལ་སྒྲོག་དང་ངོ་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཚན་རྩལ་ལས་དོན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས་ན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་སྒོས་འབད་བརྩོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚན་རྩལ་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ། དམ་པ་དོན་གཉེར་དང་སྙིང་རུས་གཏན་འཁྱོངས་ཀྱིས་གྲུབ་འབྲས་གསར་པ་མུ་མཐུད་དུ་དམ་འཛིན་བྱ་དགོས། ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་རིགས་ཁག་དང་མཐུན་སྒྲིལ་བྱས་ཏེ་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱ་དགོས་པ་མ་ཟད། འཛམ་གླིང་ཚན་རིག་གི་ཡང་རྩེར་འཛེགས་ཕོད་དགོས། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་འཚོལ་ཞིབ་དང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཚན་རྩལ་ལས་སྒྲུབ་པར་ཞབས་འདེགས་ཞུ་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་ཞབས་འདེགས་ཞུ་བ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པར་ཞབས་འདེགས་ཞུ་བ་བཅས་བྱ་དགོས་པ་བསྟན།

ཚན་རིག་གླིང་དང་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲི་ནི་ཏང་དང་མི་དམངས་ཀྱི་གཟི་བརྗིད་ཡིན་པས། ཚང་མས་མཚན་སྙན་ལ་བརྩི་མཐོང་དང་འབད་བརྩོན་ལྷོད་མེད་བྱས་ཏེ།  ཚན་རྩལ་གྱི་མདུན་གྲལ་གསར་འབྱེད་དང་འོས་འགན་གལ་ཆེན་འཁུར་བ།  ན་གཞོན་འཇོན་མི་གསོ་སྐྱོང་། ཚན་རིག་པའི་སྙིང་སྟོབས་ལག་ལེན་བཅས་ཀྱི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། ཚང་མས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན།

ལི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ཚན་རྩལ་ལས་དོན་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ཁས་ལེན་གང་ལེགས་མཛད་པ་དང་། ཚན་རྩལ་འཕེལ་རྒྱས་ཐད་ཀྱི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་ནས། འགན་འཁྲི་འཁུར་སེམས་དང་བྲེལ་མྱུར་འདུ་ཤེས། ལས་འགན་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཚན་རྩལ་ལས་དོན་སྐོར་གྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་དམ་འཛིན་བྱེད་པར་བླང་བྱ་གསལ་པོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གཟིགས་རྒྱང་རིང་ཞིང་དགོངས་པ་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པས་ཆབ་སྲིད་ཀྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་གལ་ཆེན་ལྡན་ཞིང་། དུས་རབས་གསར་པའི་ཚན་རྩལ་བྱ་བ་ལེགས་པར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བསྟན་གནང་ཡོད་པ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་དགོས་ལ་ལག་བསྟར་དོན་འཁྱོལ་བྱས་ནས། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱེད་དགོས་ལ། ཚན་རྩལ་བྱ་བ་ལེགས་པར་སྒྲུབ་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་ཆེ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྔར་ལས་བྱས་རྗེས་གལ་ཆེན་འཇོག་དགོས།

ཚོགས་ཆེན་སྟེང་ཁྲེན་ལི་ཆོན་དང་པིན་ཏེ་ཡིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད་གནང་།

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། གྲོས་ཚོགས་མ་འཚོགས་སྔོན་ལ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་མཛའ་བརྩེ་ཟབ་མོས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་དང་མཇལ་འཕྲད་གནང་བར་མ་ཟད། ལྷན་དུ་མཉམ་པར་བསྐྱོན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཁག་གཅིག་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་འཐུས་མི། ཀྲུང་གོ་ཚན་རིག་གླིང་དང་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲི་དང་རྒྱལ་ཁོངས་ཕྱིའི་ཡོན་ཧྲི་ཁ་ཤས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་སོགས་མི་བཞི་སྟོང་སུམ་བརྒྱ་ལྷག་ཚོགས་ཆེན་ལ་ཞུགས།

ཚོགས་ཆེན་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།  ཞི་ཅིན་ཕིང་སོགས་ཀྱིས་ཚང་མ་དང་མཉམ་དུ་དྲན་རྟེན་མཉམ་པར་བསྐྱོན།