
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས15ཉིན་ཧྲང་ཧའེ་རུ་གཟིགས་ཞིབ་མཛད་སྐབས་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱེད་རྒྱུ་ནི་གྲོང་ཁྱེར་དེང་རབས་ཅན་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་ཡིན་པས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་དང་། མཁོ་དགོས་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་རྒྱུན་འཁྱོངས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་བ་སྣ་་ཚོགས་གཏིང་ཟབ་དང་ཞིབ་ཚགས་ནན་ཏན་སྒོས་བསྒྲུབས་ནས། སྡོད་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཟླ7པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་ཀྱི་པན་སུང་ཡོན་ལམ་ཁྲོམ་གཞུང་གི་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་དུ་གཟིགས་ཞིབ་མཛད་བཞིན་པའི་རྣམ་པ་རེད།
ཚེས15ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་ཧྲི་ཀྲང་ཀུང་ཀྲེང་གི་ཕེབས་རོགས་འོག་ཧོང་ཕུའུ་ཆུས་ཀྱི་པན་སུང་ཡོན་ལམ་ཁྲོམ་གཞུང་གི་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་དུ་གཟིགས་ཞིབ་མཛད། 
ཟླ7པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་ཀྱི་པན་སུང་ཡོན་ལམ་ཁྲོམ་གཞུང་གི་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་དུ་གཟིགས་ཞིབ་མཛད་སྐབས། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ཀྱི་ལས་སྒྲུབ་མི་དོན་མི་སྣར་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་པའི་རྣམ་པ།
གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་གྱི་དུས་རབས་སྔོན་མའི་ལོ་རབས50པར་བསྐྲུན་པའི་ཐོག་ཁང་བཞི་པོ་དེ་བསྒྱུར་བཀོད་གསར་སྒྱུར་བྱས་པ་བརྒྱུད། ཐབ་ཚང་དང་སྤྱོད་ཁང་ལས་པ་དང་གློག་སྐས་བཙུགས་པས་འདུག་སྡོད་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས། ཧྲང་ཧའེ་གྲོང་ཁྱེར་གྱིས་སྤྱོད་ཁང་མེད་པའི་ཁང་རྙིང་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། མཁར་རྙིང་ཁུལ་གྱི་སྡོད་དམངས་ཀྱིས“ཆབ་གཞོང་འཁྱེར་བའི”གནད་དོན་ཐག་གཅོད་དང་གཞིས་ཁུལ་སྒྱུར་བཀོད་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པར་མ་ཟད། ཡུལ་དངོས་ཀྱི་ལས་དོན་མི་སྣར་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་གྲོང་ཁྱེར་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། གསར་གཏོད་དང་བབ་སྡོད། མཛེས་སྡུག མཉེན་ཆ་ལྡན་པ། དཔལ་ཡོན་དང་རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་ན། གྲོང་ཁྱེར་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱ་རྒྱུ་ནི་དོན་དག་གལ་ཆེན་ཞིག་ཡིན་པ་གསལ་བོར་བཏོན་ཡོད། བྱ་བའི་ཁྲོད་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱིས་བསམ་ཕྱོགས་གཅིག་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ཕན་ནུས་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱེད་པ། རྒྱུན་མཐུད་འབད་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱི་དོ་ཁུར་བྱེད་པའི་བྱ་བ་རེ་རེ་བཞིན་ཡག་པོར་བསྒྲུབ་པ་དང་། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ཞིབ་ཚགས་ནན་ཏན་སྒོས་གཞིས་ཁུལ་གྱི་ཟོག་ལམ་དོ་དམ་དང་དམངས་ཕན་ཞབས་ཞུའི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་སྟེ། སྡོད་དམངས་ཡིད་ཚིམ་པར་བྱེད་དགོས། 
ཟླ7པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་ཀྱི་པན་སུང་ཡོན་ལམ་ཁྲོམ་གཞུང་གི་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་དུ་གཟིགས་ཞིབ་མཛད་སྐབས། སྡོད་དམངས་ཀྱི་ཁྱིམ་དུ་ཕེབས་ནས་གཞིས་སྡོད་ཆ་རྐྱེན་ལེགས་བཅོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ།
ལས་འཁྱུར་ངལ་གསོ་བྱས་པའི་སྡོད་དམངས་ཀྲུའུ་གོ་ལིའི་ཁྱིམ་དུ། ཞི་ཅིན་ཕིང་གིས་ཁོ་ཚང་གི་སྡོད་ཁང་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་། ཀྲུའུ་གོ་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅིར་ད་ལྟ་རང་ཁྱིམ་དུ་ཐབ་ཚང་དང་གསང་སྤྱོད་ཡོད་པས་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད། ཞི་ཅིན་ཕིང་གིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་མང་ཚོགས་ཀྱི་བྱ་བ་ཙག་ཙིག་ཚང་མར་ཐུགས་ཁུར་བྱེད་ཀྱིན་ཡོད་པ་དང་། མང་ཚོགས་ཀྱི་འཚོ་བ་ནི་ཁྱིམ་དོན་ཡིན་ལ་རྒྱལ་དོན་དེ་བས་ཀྱང་ཡིན། གུང་ཁྲན་ཏང་ནི་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་ཡིན་པས། མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་དང་འཚོ་བ་སྐྱིད་པོ་རོལ་ཐུབ་ན། ཏང་དང་སྲིད་གཞུང་གཞི་ནས་བློ་བདེ་པོ་ཡོང་ཐུབ། ཁྱེད་ཚོས་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས། ཁྱིམ་ཚང་སྔར་ལས་འཛུགས་སྐྱོང་ཡག་པོ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཅེས་གསུངས། 
ཟླ7པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་ཀྱི་པན་སུང་ཡོན་ལམ་ཁྲོམ་གཞུང་གི་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་དུ་གཟིགས་ཞིབ་མཛད་སྐབས། སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་སུ་སྡོད་དམངས་འཐུས་ཚབ་པ་དང་། སྲང་ལམ་ལས་བྱེད་པ། སྡེ་ཁུལ་ལས་བྱེད་པ་སོགས་དང་མཉམ་དུ་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་པའི་རྣམ་པ།
དེའི་རྗེས་སུ། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་སུ་ཕེབས་ཏེ། དམངས་ཕན་ཚལ་ཁྲོམ་དུ་ཤིང་འབྲས་དང་སྔོ་ཚལ་གྱི་མཁོ་འདོན་གནས་ཚུལ་ལ་གཟིགས་ཞིབ་གནང་ལ།“གྲོང་མིའི་མགྲོན་བསུ་ཚོམས་ཆེན”དུ་སྡོད་དམངས་ཀྱི་འཐུས་མི་དང་། ཁྲོམ་གཞུང་གི་ལས་བྱེད་པ། སྡེ་ཁུལ་གྱི་ལས་སྒྲུབ་པ་སོགས་དང་བྱམས་བརྩེའི་ངང་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། སྡེ་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་གི་གཞི་རྩའི་སྡེ་ཚན་ཡིན། སྡེ་ཁུལ་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་བཏང་སྟེ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་སོགས་གཞི་རིམ་གྱི་ཡུལ་དངོས་དང་པོར་ལག་བསྟར་བྱས་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་སྔར་བས་ཤུགས་བསྣན་ཏེ། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་། དོ་བདག་ཨུ་ཡོན་ལྷན་ཁང་། གཞིས་ལས་ཞབས་ཞུའི་ཁེ་ལས་བཅས་ཀྱི་མཐུན་སྦྱོར་འཁོར་སྐྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་དང་། སྡེ་ཁུལ་དང་དམངས་ཕན་འཚོ་བའི་ཁུལ་ཆ་ཚང་འཛུགས་པ། བློ་སེམས་རྩེ་གཅིག་གིས་སྡོད་དམངས་ཀྱི་ཆེད་དུ་བྱ་བ་བཟང་པོ་སྒྲུབ་པ་དང་དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས།
ཟླ7པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་ཀྱི་པན་སུང་ཡོན་ལམ་ཁྲོམ་གཞུང་གི་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་དུ་གཟིགས་ཞིབ་མཛད་སྐབས། སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་སུ་སྡོད་དམངས་འཐུས་ཚབ་པ་དང་། སྲང་ལམ་ལས་བྱེད་པ། སྡེ་ཁུལ་ལས་བྱེད་པ་སོགས་དང་མཉམ་དུ་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་པའི་རྣམ་པ།
རྟོག་ཞིབ་ཀྱི་ལམ་བར་དུ། ཞི་ཅིན་ཕིང་གིས་མིག་སྔར་ཞོད་འགོག་གི་འགག་རྩའི་དུས་སུ་གནས་ཡོད་ལ། ས་ཁུལ་ཁག་དང་འབྲེལ་ཡོད་ཕྱོགས་སོ་སོས་ཚད་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོ་བཙུགས་ཏེ། ཆར་ཞོད་ཀྱི་གནས་ཚུལ་དང་རྒྱ་མཚོའི་རླུང་འཚུབ་ཀྱི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་དགོས་ལ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། ཞོད་འགོག་དང་ཆུ་ལོག་གི་གནོད་འཚེ། ཉེན་སེལ་རྒུབ་སྐྱོབ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་གནང་།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་གནང་།