བློ་མཐུན་ཀྲུའུ་རོང་ཅི་ཡི་སྐུ་གདུང་པེ་ཅིང་དུ་ཞུགས་འབུལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ8པའི་ཚེས18ཉིན། བློ་མཐུན་ཀྲུའུ་རོང་ཅི་ཡི་སྐུ་གདུང་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་བང་སོར་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་རི་བོའི་གསར་བརྗེའི་བང་སོར་ཕེབས་ནས་སྐྱེལ་མ་མཛད། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་གི་ཕྲེང་བ་ཕུལ་ནས་མྱ་ངན་ཞུས། འདི་ནི་ཞི་ཅིན་ཕིང་གིས་ཀྲུའུ་རོང་ཅི་ཡི་ཉེ་མིར་ཕྱག་འཇུ་གནང་སྟེ། ཐུགས་ཁུར་གནང་བཞིན་པའི་པར་རེད།

བློ་མཐུན་ཀྲུའུ་རོང་ཅི་ཡི་སྐུ་གདུང་པེ་ཅིང་དུ་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་རི་བོའི་གསར་བརྗེའི་བང་སོར་ཕེབས་ནས་སྐྱེལ་མ་མཛད། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་གི་ཕྲེང་བ་ཕུལ་ནས་མྱ་ངན་ཞུས།

ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བཞི་པ་དང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ་བློ་མཐུན་ཀྲུའུ་རོང་ཅི་ཡི་སྐུ་གདུང་ཚེས་བཅོ་བརྒྱད་ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་བང་སོར་ཞུགས་འབུལ་བྱས།

བློ་མཐུན་ཀྲུའུ་རོང་ཅི་སྙུང་གཞི་ཕོག་ནས2026ལོའི་ཟླ8པའི་ཚེས12ཉིན་གྱི་དུས་ཚོད11དང་སྐར་མ06གི་སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་། དགུང་ལོ98ཡིན།

ཚེས18ཉིན་གྱི་སྔ་དྲོར། པ་པའོ་རི་བོའི་གསར་བརྗེའི་བང་སོ་ཁང་བརྗིད་ཉམས་ལྡན་ལ་མྱ་ངན་གྱི་སྒྲ་དབྱངས་ཡང་ཡང་གྲགས། ཚོམས་ཆེན་གྱི་གོང་དུ་རས་ནག་པོའི་སྟེང་ཡིག་མདོག་དཀར་པོའི“བློ་མཐུན་ཀྲུའུ་རོང་ཅི་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུ་ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད་ལ། འཕྲེད་འགེལ་ཡི་གེའི་འོག་ཏུ་བློ་མཐུན་ཀྲུའུ་རོང་ཅི་ཡི་སྐུ་པར་ཡོད། བློ་མཐུན་ཀྲུའུ་རོང་ཅི་ཡི་སྐུ་གདུང་མེ་ཏོག་ཚོམ་བུའི་དཀྱིལ་དུ་ཡོད་ལ། ལུས་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།

སྔ་དྲོའི་དུས་ཚོད9དང་སྐར་མ30སྟེང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་མྱ་ངན་གྱི་སྒྲ་དབྱངས་ཁྲོད་དལ་གྱིས་བློ་མཐུན་ཀྲུའུ་རོང་ཅིའི་སྐུ་གདུང་གི་མདུན་དུ་ཕེབས་ནས་གུས་སྟབས་ཀྱིས་མྱ་ངན་ཞུས་པ་དང་། བློ་མཐུན་ཀྲུའུ་རོང་ཅི་ཡི་སྐུ་གདུང་ལ་གུས་འདུད་ཐེངས་གསུམ་ཞུས་པར་མ་ཟད། བློ་མཐུན་ཀྲུའུ་རོང་ཅི་ཡི་གཉེན་ཉེ་རེ་རེ་ལ་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་གི་ཕྲེང་བ་ཕུལ་ནས་བློ་མཐུན་ཀྲུའུ་རུང་ཅི་སྐུ་གཤེགས་པར་མྱ་ངན་ཞུས།

བློ་མཐུན་ཀྲུའུ་རོང་ཅི་ལ་སྙུང་གཞི་ལྕི་མོ་ཕོག་སྐབས་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་འཚམས་འདྲིར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་བརྒྱུད་ནས་བློ་མཐུན་ཀྲུའུ་རོང་ཅི་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་ཞུས།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་སྐྱེལ་མ་ཞུ་བའམ་རྣམ་པ་སྣ་ཚོགས་བརྒྱུད་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། བློ་མཐུན་ཀྲུའུ་རོང་ཅི་སྐུ་བཞུགས་དུས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིས་ཀྱང་སྐྱེལ་མ་བྱས།