
ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་མོ་ཞི་ཁོའི་སྲིད་འཛིན་ཞིན་པའོ་མུའུ་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་མོ་ཞི་ཁོའི་སྲིད་འཛིན་ཞིན་པའོ་མུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མོ་ཞི་ཁོ་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོ་བཟང་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པ་དང། ཚང་མ་འཕེལ་རྒྱས་དང་དར་རྒྱས་ཀྱི་གནད་འགག་དུས་རིམ་དུ་སླེབས་ཡོད། རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་ད་ལྟའི་རྒྱལ་སྤྱིའི་གནས་བབ་འོག་ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བ་དེ་སྔར་ལས་ཆུ་ཚད་མཐོ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། སྔར་ལས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རང་སའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་མངོན་འགྱུར་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཉམ་འབྲེལ་སྟོབས་དང་ལྡན་པར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱང་རིང་བའི་ཟུར་ཚད་ནས་ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བར་ལྟ་སྟངས་འཛིན་བཞིན་ཡོད་པ་དང་། མོ་ཞི་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་རྒྱུ་མ་ཟད། ཐུན་མོང་གིས་དར་རྒྱས་བརྟན་ལྷིང་དང་སྒོ་འབྱེད་མཉམ་འདྲེས། ཀུན་ཕན་བསྟུན་མཁས། ཕྱར་བ་གྲུ་འདེགས་བཅས་ཀྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་སྔར་ལས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མོ་ཞི་ཁོ་ཕྱོགས་གཉིས་ཀྱིས་གཅིག་ནས་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་དགོས་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བ་སྲ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཐུན་མོང་གིས་སང་ལོའི་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་རྟེན་འབྲེལ་བྱེད་སྒོ་ལེགས་པོར་སྤེལ་དགོས། གཉིས་ནས་གཉིས་ཕན་མཉམ་རྒྱལ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་མཛའ་བརྩེའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚན་རྩལ། དག་གཙང་ནུས་ཁུངས། རིག་གནས། ཡུལ་སྐོར་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་དྲང་སྙོམས་དྲང་བདེན་རྒྱུན་འཁྱོངས་དང་ཕྱོགས་མང་རོགས་ལས་དམ་ཟབ་བྱ་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་གི་སྟེགས་བུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོབ་བྱ་དགོས། བཞི་ནས་ལས་དབང་གཅིག་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་བཟོ་སྐྲུན་ལྔ་གཏིང་ཟབ་དང་དངོས་ཡོད་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་མོ་ཞི་ཁོའི་སྲིད་འཛིན་ཞིན་པའོ་མུའུ་ལ་མཇལ་འཕྲད་གནང་།
ཞིན་པའོ་མུའུ་ཡིས་བསྟན་དོན། མོ་ཞི་ཁོ་དང་ཀྲུང་གོའི་མཛའ་བརྩེའི་རྨང་གཞི་ཟབ་ཅིང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་མཚུངས་ཡིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་བླངས་ཡོད། མོ་ཞི་ཁོས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། “མོ་ཞི་ཁོའི་འཆར་གཞི”ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་དངུལ་གཏོང་། ཚན་རྩལ། བཟོ་སྐྲུན་ལས་རིགས། མི་ཐབས་རིག་ནུས། ཞིང་ལས། ཆུ་བེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། འཕྲོད་བསྟེན་དང་སློབ་གསོ། རིག་གནས་ཡུལ་སྐོར་བཅས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ད་ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་ཡིན་པའི་ཆ་ནས། ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད་པ་དང་། འཚོག་ཉེར་ཡོད་པའི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ཡོང་བར་ཡིད་ཆེས་ཡོད་ལ། ཕྱིན་ཆད་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་རྨང་གཞི་བརྟན་པོ་འདིང་དགོས། མོ་ཞི་ཁོས2028ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་གཙོ་སྒྲུབ་བྱ་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།