
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས28ཉིན་ཏུང་ཅིང་ནས་ཐོག་མའི་གྲོས་མོལ་བྱས།
བསྟུད་མར་ཉིན་འགའི་རིང་ལ། འཇར་པན་མང་ཚོགས་ཀྱིས་འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་བྱས་ནས། ཐི་ལིང་ཕུའུ་ཡིས་འཇར་པན་དུ་འཚམས་འདྲི་བྱེད་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དམག་ཆས་རྒྱ་བསྐྱེད་དང་སྒོ་ཁྲལ་མཚོན་ཆ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་པར་མ་ཟད། འཇར་པན་དང་ཨ་མེ་རི་ཁས་དམག་དོན་མནའ་མཐུན་ལ་ཤུགས་སྣོན་བྱས་ནས་ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་གཏོང་བར་ངོ་རྒོལ་བྱས།
ཚེས28ཉིན། འཇར་པན་གྱི་ས་ཁུལ་སོ་སོ་ནས་ཡོང་བའི་རྔམ་སྟོན་ཁྲོམ་སྐོར་མཁན་བཅུ་ཕྲག་འགས་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་མདུན་ནས་འཇར་པན་དང་ཨ་མེ་རི་ཁའི་བདེ་སྲུང་མནའ་མཐུན་ལ་ངོ་རྒོལ་བྱེད་པ་དང་འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ལ་ངོ་རྒོལ་བྱེད་པ། ཐི་ལིང་ཕུའུ་ལ་དགའ་བསུ་མི་བྱེད་པ་སོགས་འཕྲེད་བྱང་བཟུང་བ་དང་། འཐབ་འཁྲུག་གྲོས་མོལ་ལ་ངོ་རྒོལ་བྱེད་པ་དང་ཐི་ལིང་ཕུའུ་ཡིས་འཇར་པན་དུ་འཚམས་འདྲི་བྱེད་པར་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་པས་ཉེན་རྟོག་ཕྱོགས་ཀྱིས་མཐར་སྐྲོད་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།