
དབྱི་སི་རལ་གྱི་ཙུང་ལིའི་བཞུགས་ཤག་གིས་ཚེས28ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དམག་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་ལ་ཆམ་ཕབ་དྲག་པོ་གཏོང་དགོས་པའི་རེ་བ་བཏོན་ཡོད་ཟེར།
དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བའི་ཐད་ནས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མཐོ་རིམ་བདེ་འཇགས་དཔོན་རིགས་བསྡུས་ནས་ཐབས་ཇུས་ལ་གྲོས་བསྡུར་བྱས།
ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དམག་དོན་རྩ་འཛུགས་ཁཱ་སིང་སྟོང་ཤོག་གིས་དེའི་རྗེས་སུ་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བས། དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣའི་བེམ་པོ་གཅིག་བརྒྱུད་སྤྲོད་བྱེད་པའི་དུས་ཚོད་རྗེས་སུ་སྣུར་རྒྱུ་ཡིན་ཟེར། ཧཱ་མཱ་སི་ཡིས་ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་སྟེང་གསར་དུ་རྙེད་པའི་བེམ་པོ་དེ་བརྒྱུད་སྤྲོད་བྱེད་རྩིས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།