ཁྲའོ་ཞན་གྱིས་མཚོ་ཁོངས་ནས་སྐམ་སར་དམིགས་པའི་འཐབ་ཇུས་སྐོར་ཞིབ་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཁྲའོ་ཞན་ཀྲུང་དབྱང་འཕྲིན་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་ཚེས28ཉིན་ཁྲའོ་ཞན་ནུབ་ཕྱོགས་ཀྱི་མཚོ་ཁོངས་ནས་མཚོ་ཁོངས་ནས་སྐམ་སར་དམིགས་པའི་འཐབ་ཇུས་སྐོར་ཞིབ་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་ཟེར།

བསྒྲགས་པ་ལྟར་ན། ལེགས་བསྒྱུར་བྱས་པའི་སྐོར་ཞིབ་འཕུར་མདའ་དེ་གྲུ་གཟིངས་སྟེང་ནས་གཏོང་འཕེན་བྱས་པ་དང་། ཐད་ཀར་གཏོང་འཕེན་གྱི་བྱེད་ཐབས་སྤྱད་པ་རེད། སྐོར་ཞིབ་འཕུར་མདའ་མང་བོ་ནུབ་ཕྱོགས་མཚོ་ཁོངས་ནས་གཏོང་འཕེན་བྱས་པ་དང་། སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་སྐར་ཆ7800ལྷག་ལ་འཕུར་སྐྱོད་བྱས་ཏེ་དམིགས་འབེན་གཏོར་བཤིག་བཏང་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།