
སྐབས་གསུམ་པའི་ཀྲུང་གོ་དང་ཧན་གོའི་ཧྲིན་ཀྲང་དང་ཀྲི་ཧྲིའི་གྲོས་ཚོགས་ཚེས29ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་སྤེལ། གྲོས་ཚོགས་དེར་ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་ཧན་གོའི་ཧྲི་ཏའོ་ཀྲི་ཧྲི་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། སྐབས་འདིའི་གྲོས་ཚོགས་ནས་ཀྲུང་གོ་དང་ཧན་གོའི་ས་གནས་སྲིད་གཞུང་གི་ཐུན་མོང་འཕེལ་རྒྱས་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བྱས་ཡོད། ཅང་ཞི་དང་ཧྲང་ཧེ། ལའོ་ཉིན། ཧེ་ལུང་ཅང་། ཞིན་ཅང་། དེ་མིན་ཧན་གོའི་རིན་ཁྲོན་དང་། ཀོང་ཀྲོའུ། ཧྲི་སུང་། ཆན་ལོ་ནན་ཏའོ། ཅི་ཀྲིའུ། ཧྲིག་ཨར་སོགས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་དང་དམངས་ཆེན། མཛའ་མཐུན་རྩ་འཛུགས་བཅས་ཀྱི་འགན་ཁུར་བ་གྲོས་ཚོགས་དང་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ཚོགས་འདུའི་སྔོན་ལ། ཧན་གོའི་རྒྱལ་སྲིད་ཙུང་ལི་ཅིན་མེན་ཞི་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། གྲོས་ཚོགས་གྲོལ་རྗེས་ཕྱོགས་གཉིས་ཀྱིས་ཐུན་མོང་བསྒྲགས་གཏམ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ས་གནས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་པར་མ་ཟད། སྐབས་བཞི་བའི་ཀྲུང་གོ་དང་ཧན་གོའི་ཧྲིན་ཀྲང་ཀྲི་ཧྲིའི་གྲོས་ཚོགས་དེ2027ལོར་ཀྲུང་གོ་ནས་སྤེལ་རྒྱུར་གྲོས་ཐག་བཅད།
བསོད་ནམས་ཚེ་རིང་གིས་བསྒྱུར།