
ཧན་གོའི་ཙུང་ལི་ལིས་ཙེ་མེན་གྱིས་ཚེས29ཉིན་ཧན་གོའི་ཅིན་ཀྲིའུ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་ཏེ། ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
ཧན་གོའི་སྲིད་འཛིན་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ལིས་ཙེ་མེན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཧན་གོས་རྒྱལ་སྲུང་སྔོན་རྩིས་དང་རྒྱལ་སྲུང་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཤུགས་ཆེན་པོས་རང་ཉིད་འགོག་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཨ་མེ་རི་ཁའི་འགོག་སྲུང་ཁུར་བོ་ཇེ་ཡང་དུ་གཏོང་བའི་འཆར་གཞི་ཡོད་ཟེར། དེའི་ཞོར་དུ་ཧན་གོས་ཨ་མེ་རི་ཁའི་དངུལ་གཏོང་དང་ནང་འདྲེན་ཇེ་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་སྲ་བརྟན་དང་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་མུ་མཐུད་དུ་ཧན་གོའི་བར་གྱི་འབྲེལ་བ་བཟང་བོ་ཟུང་འཛིན་བྱས་ཏེ། མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།