
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། བཀའ་རྒྱ་ལྟར་དུ་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་དམིགས་འབེན་ལ་འཇབ་རྒོལ་བྱས་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ཁྲོད། དབྱི་སི་རལ་གྱི་དམག་དཔུང་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་པུའུ་ཡིས་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཁྲོད་བཀོད་འདོམ་ལས་འགན་ཁུར་བའི་དྲག་ཆས་མི་སྣ30ལ་འཇབ་རྒོལ་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ནས། གྲོས་མཐུན་དང་འགལ་བའི་བྱ་སྤྱོད་གང་རུང་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས28ཉིན་གྱི་དགོང་མོར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་བ་རྒྱུ་མཚན་དུ་བྱས་ཏེ། དམག་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་རྒོལ་ལན་དྲག་པོ་སྤྲོད་རྒྱུའི་རེ་བ་བཏོན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།