ཧན་གོ་དང་འཇར་པན་གྱི་མགོ་ཁྲིད་པས་གྲོས་མོལ་བྱས་ནས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་རྒྱུ་ནན་བཤད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཧན་གོའི་སྲིད་འཛིན་ལིས་ཙེ་མེན་གྱིས་ཚེས30ཉིན་ཧན་གོའི་ཆིན་ཀྲིག་ནས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། མུ་མཐུད་དུ་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས་པར་འདོད།

ཧན་གོའི་སྲིད་འཛིན་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་བལྟས་ན་སྔར་ལས་ལྷག་པའི་སྒོ་ནས་སྔོན་ཐོན་ལག་རྩལ་དང་དཔལ་འབྱོར་བདེ་འཇགས། རིག་གནས་དང་སྤྱི་ཚོགས་བརྗེ་རེས་སོགས་ཁྱབ་ཁོངས་སོ་སོའི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་དགོས་པར་འདོད་ཡོད་ཟེར།

གཞན་ཡང་ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཀའོ་ཧྲི་ཙའོ་མེའོ་ཡིས་བསྟན་དོན། ད་ལོར་འཇར་པན་དང་ཧན་གོའི་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ60འགོར་བའི་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ལ། དེའི་ཞོར་དུ་འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་བར་གྱི་ཕྱོགས་གཉིས་འབྲེལ་བ་དང་ཕྱོགས་གསུམ་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཁོ་གཉིས་ཀྱིས་ད་རུང་བསྟན་དོན། མུ་མཐུད་དུ་ཕྱི་འབྲེལ་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ་ཕན་ཚུན་བར་འཚམས་འདྲི་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།