
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཟླ10བའི་ཚེས31ཉིན་བཤད་རྒྱུར། ཁོས་མིག་སྔར་ད་རུང་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་ཀྱི་ས་ངོས་དམིགས་འབེན་ལ་འཇབ་རྒོལ་བྱེད་མིན་ཐག་གཅོད་བྱས་མེད་ཟེར།
ཨ་མེ་རི་ཁའི་མེད་ཨ་མུས་མེས་པའི་ཚགས་པར་གྱིས་ཉིན་དེར་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱའི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། ཉིན་འགའ་དང་ཐ་ན་དུས་ཚོད་འགའི་ནང་བར་སྣང་འཇབ་རྒོལ་བྱེད་ཀྱང་སྲིད་ཟེར། ཐི་ལིང་ཕུའུ་ཆེད་བཏང་གནམ་གྲུར་བསྡད་དེ་ཧྥོ་ལོ་ལི་ཏཱ་མངའ་སྡེ་རུ་གཟའ་མཇུག་ལ་རོལ་དུ་འགྲོ་སྐབས། རྗེས་འདེད་གསར་འགོད་པས་གནད་དོན་དེའི་ཐད་ནས་ཐག་གཅོད་བྱས་ཡོད་མིན་འདྲི་སྐབས་ཁོས་བཤད་རྒྱུར། མིན། དེ་ངོ་མ་མིན་ཟེར།
ཉེ་སྔོན་ཐི་ལིང་ཕུའུ་ཡིས་ཐེངས་མང་བོར་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་ས་ངོས་ནས་ཆམ་ཕབ་གཏོང་རྒྱུའི་འཇིགས་སྐུལ་བྱས་པ་དང་། ཨ་མེ་རི་ཁའི་ཅཱ་ལེ་པུས་མཚོ་ཁོངས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལོ་ངོ30ལྷག་གི་རིང་ལ་གཞི་རྒྱ་ཆེས་ཆེ་བའི་ཚད་དུ་བསླེབས་ཡོད།
ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟི་ཡིས་ཟླ10བའི་ཚེས31ཉིན་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་སྲི་དགཞུང་གིས་དམིགས་འབེན་གསལ་ཁྲ་ཞིག་གཏན་འབེབས་བྱས་ཡོད་པ་དང་། ཐི་ལིང་ཕུའུ་ཡིས་བཀའ་རྒྱ་གཏོང་བར་སྒུག་ཡོད་ཟེར། ཆེད་མཁས་པ་ལ་ལས་སྔོན་དཔག་བྱས་པ་ལྟར་ན། དམིགས་འབེན་དེའི་ནང་ཝེ་ནེ་ཙུའེ་ལཱའི་གྲུ་ཁ་དང་གནམ་གྲུ་ཐང་། དེ་མིན་སྒྲིག་ཆས་གཞན་པ་སོགས་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།