ཁུན་ནེ་ཡཱ་ནས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི21རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཁུན་ནེ་ཡཱའི་དཔོན་རིགས་ཀྱིས་ཟླ11པའི་ཚེས1ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཨེ་ཨར་ཀའེ་ཡའོ་མཱ་ལཱ་ཁོས་ཐི་རྫོང་ནས་སྔ་དགོང་མོར་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི21རྐྱེན་ལམ་དུ་ཤོར་བ་དང་། མི30ལྷག་གར་སོང་རྙེད་མེད་ཟེར།

ཁུན་ནེ་ཡཱའི་ནང་སྲིད་པུའུ་ཀྲང་མུའུ་ཨར་ཁི་པཱ་ཡིས་ཟླ11པའི་ཚེས1ཉིན་གྱི་དགོང་མོར་རྭད་སྐྱོབ་ཡུལ་དངོས་ནས་སྨྱན་བྱད་ལ་བཤད་རྒྱུར། མི21རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཡང་མི30ལྷག་གར་སོང་རྙེད་མེད་པའི་སྙན་ཞུ་འབྱོར་ཡོད་ལ། རྨས་མ་ཚབས་ཆེན25སྲོག་ཉེན་ལས་བསྐྱབས་རྗེས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

ཁོས་བསྟན་དོན། རྒུད་སྐྱོབ་སྔོག་བཤེར་འགུལ་སྐྱོད་ཚེས2ཉིན་གྱི་ཉིན་དཀར་བར་སྤེལ་རྒྱུ་ཡིན་པ་དང་། དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་ལས་ཁུངས་གཞན་པ་ནས་ས་དེའི་སྡེ་ཁུལ་དང་མཉམ་དུ་མཉམ་འབྲེལ་རྒུད་སྐྱོབ་བྱ་བ་བ་སྤེལ་རྒྱུ་རེད།

ཆར་བ་དྲག་པོ་བབས་པ་ལས་རི་ཉིལ་བའི་དོན་རྐྱེན་མང་དུ་བྱུང་སྟེ་བགྲོད་ལམ་ལ་བཀག་རྒྱ་ཐེབས་ཡོད་པས། རྒུད་སྐྱོབ་མི་སྣ་དག་གནོད་ཐེབས་ས་ཁུལ་དུ་འགྲོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཟེར། མུའུ་ཨར་ཁི་པཱ་ཡིས་བཤད་རྒྱུར། སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་རྒུད་སྐྱོབ་དངོས་རྫས་སྔར་ལས་མང་བོ་སྟེར་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། གཏོར་བརླག་ཐེབས་པའི་གཞུང་ལམ་མྱུར་མོར་ཞིག་གསོ་བྱས་ཏེ་རྒུད་སྐྱོབ་དངོས་རྫས་དག་བདེ་བླག་ངང་སྐྱེལ་ཐུབ་པར་འགན་སྲུང་བྱེད་བཞིན་ཡོད་ཟེར།

ཁོས་ད་རུང་བཤད་རྒྱུར། སྲིད་གཞུང་གིས་ཡང་བསྐྱར་རི་ཉིལ་བའི་དོན་རྐྱེན་འབྱུང་བའི་ཉེན་ཁ་ཡོད་པའི་ས་ཁོངས་ཀྱི་སྡོད་དམངས་དག་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་དང་། གར་སོང་མ་རྙེད་པའི་མི་སྣའི་ཐོ་འགོད་བྱེད་ས་བཙུགས་ནས་འཕྲལ་བསྟུན་བྱ་བར་རོགས་འདེགས་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།