
ཨུ་རུ་སིའི་གསར་འགྱུར་ཁང་གིས་ཟླ11པའི་ཚེས1ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་གཞུང་གིས་ཉེ་སྔོན་བཀའ་རྒྱ་བསྒྲགས་ཏེ། ཝུའུ་ཁི་ལན་གྱི་ཙུང་ལི་སི་ཝེ་ལི་ཅན་ཁི་དམིགས་བསལ་དཔལ་འབྱོར་བྱེད་ཐབས་ཀྱིས་ཚད་བཀག་བྱེད་པའི་མི་སྒེར་གྱི་མིང་ཐོའི་གྲས་སུ་འཇོག་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་དམིགས་བསལ་དཔལ་འབྱོར་བྱེད་ཐབས་ཀྱིས་ཚད་བཀག་བྱེད་པའི་མི་སྒེར་གྱི་མིང་ཐོ་གསར་བསྒྱུར་བྱས་པ་དང་། སི་ཝེ་ལི་ཅན་ཁི་ལས་གཞན་ཝུའུ་ཁི་ལན་གྱི་ནོར་སྲིད་པུའུ་ཀྲང་མཱ་ཨར་ཆིན་ཁི་དང་དཔལ་འབྱོར་དང་ཁོར་ཡུག ཞིང་ལས་བཅས་ཀྱི་པུའུ་ཀྲང་སོ་པའོ་ལེ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱང་གྲས་སུ་བཞག་ཡོད་ཟེར།
བསྒྲགས་པ་ལྟར་ན། དམིགས་བསལ་དཔལ་འབྱོར་བྱེད་ཐབས་ལ་བཀག་སྡོམ་ཐེབས་པའི་མི་སྣའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མངའ་ཁོངས་ཀྱི་དབང་འཛིན་མེད་པའི་དངུལ་ཡིག་དང་རྒྱུ་ནོར་བཀག་འོག་བྱེད་རྒྱུ་མ་ཟད། བཀག་སྡོམ་ཐེབས་པའི་མི་སྣའི་མ་དངུལ་དག་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ལས་ཕྱི་ཕྱོགས་ས་ཁུལ་གཞན་དུ་ཁྱེར་བར་གཏན་འགོག་བྱེད་རྒྱུ་ཡིན་ཟེར།
ད་ལོའི་ཟླ7པར། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་འདེམ་ཤོག་འཕངས་ཏེ་སྔོན་ཆད་ཀྱི་ཙུང་ལི་གཞོན་པ་དང་པོའམ་དཔལ་འབྱོར་པུའུ་ཀྲང་སི་ཝེ་ལི་ཅན་ཁི་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།