ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་དུ་ཚད་རིམ6.3གྱི་ས་ཡོམ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་དུ་པེ་ཅིང་གི་དུས་ཚོད་ཚེས3ཉིན་གྱི་ཞོགས་པའི་དུས་ཚོད4དང་སྐར་མ28སྟེང་། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཨར་ཧི་ཞིང་ཆེན་གྱི་ཧུའུ་ལེ་མུའུ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ35ཡི་མཚམས་སུ་ཚད་རིམ6.3གྱི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ10ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་ཡོད། མིག་སྔའི་བར་དུ་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཟླ8པའི་ཚེས31ཉིན། ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་ཚད་རིམ་དྲུག་གི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་བརྒྱད་ཡིན་ལ། མི་སྟོང་གཉིས་དང་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།


བསོད་ནམས་ཚེ་རིང་གིས་བསྒྱུར།