
དབྱི་ཐཱ་ལེའི་བྱང་ཕྱོགས་རི་ཁུལ་གྱི་རི་རྩེ་ཞིག་ནས་ཟླ11པའི་ཚེས1ཉིན་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ། འཇར་མན་གྱི་གངས་འཛེག་པ5རྐྱེན་ལམ་དུ་ཤོར།
དབྱི་ཐཱ་ལེའི་ཨན་ཧྲ་ཚགས་པར་ཁང་གིས་བསྒྲགས་པ་ལྟར་ན། ཚེས1ཉིན་གྱི་ཕྱི་དྲོའི་དུས་ཚོད4ཡས་མས་སུ། དབྱི་ཐཱ་ལེའི་བྱང་ངོས་ཀྱི་ཏིས་ལོ་ཨར་ལྷོ་མ་ས་ཁུལ་གྱི་ཨ་ཨར་པེ་སི་རི་བརྒྱུད་ཀྱི་ཝེ་ཨར་ཐཱ་ནཱ་རི་བོའི་བྱང་ངོས་སུ་གངས་ཉིལ་བའི་དོན་རྐྱེན་བྱུང་བ་དང་། གངས་འཛེག་བྱེད་བཞིན་པའི་འཇར་མན་གྱི་ཡུལ་སྐོར་བ་གངས་ཉིལ་ལ་འཕྲད་པས། མི3རྐྱེན་ལམ་དུ་ཤོར་བ་དང་། མི2གར་སོང་རྙེད་མེད་ཟེར།
མཚན་བརྒྱབ་ནས་འཚོལ་ཞིབ་བྱས་པ་བརྒྱུད། རྒུད་སྐྱོབ་མི་སྣས་ཚེས2ཉིན་གྱི་ཞོགས་པར་གངས་ཉིལ་བའི་ས་ཁུལ་ནས་གར་སོང་མ་རྙེད་པའི་མི་དེ་གཉིས་ཀྱི་བེམ་པོ་རྙེད་པ་དང་། དེ་གཉིས་ཕ་བུ་གཉིས་ཡིན་ལ་བུ་མོ་ལོ17རེད།
ས་དེའི་རྒུད་སྐྱོབ་སྡེ་ཁག་གིས་ཉེ་ལམ་ས་ཁུལ་དེའི་དྲོད་ཚད་ཇེ་མཐོར་སོང་བ་དང་གངས་ཆགས་བརྟན་པོ་མིན་པས། རི་ཁུལ་དུ་འགུལ་སྐྱོད་བྱེད་པར་ཉེན་ཁ་ཅུང་ཆེ་བའི་གསལ་འདེབས་བྱས་པར་མ་ཟད། རི་འཛེག་མཁན་དང་གངས་ཤུད་ལ་དགའ་མཁན་ཚོས་གངས་ཀྱི་གནས་ཚུལ་དང་གནམ་གཤིས་སྔོན་བརྡར་དོ་སྣང་བྱས་ནས། ཉེན་ཁ་ཆེ་བའི་ས་ཁོངས་སུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།