ནེ་པཱ་ལཱའི་དབུས་ཕྱོགས་ས་ཁུལ་དུ་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ནེ་པཱ་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས3ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཡཱ་ལུང་ལི་གངས་རིའི་སྒར་ས་ཆེན་མོར་ཉིན་དེར་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་ཕྱི་རྒྱལ་གྱི་རི་འཛེག་མཁན་ལྔ་དང་ནེ་པཱ་ལཱའི་གནས་ཤན་པ་གཉིས་རྐྱེན་ལམ་དུ་ཤོར་ཟེར།

ནེ་པཱ་ལཱའི་ཏའོ་ལཱ་ཁཱ་རྫོང་གི་ཉེན་རྟོག་ཅུའུ་ཀྲང་མཱ་ཧཱ་ཐའོ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕྱི་རྒྱལ་གྱི་རི་འཛེག་མཁན་ལྔ་དང་ནེ་པཱ་ལཱའི་གནས་ཤན་པ་བཅུ་ཡིས་གྲུབ་པའི་རི་འཛེག་རུ་ཁག་ཅིག་ཉིན་དེར་རྫོང་དེའི་ཡཱ་ལུང་ལི་གངས་རིའི་སྒར་ས་ཆེན་མོ་ནས་གངས་ཉིལ་བའི་དོན་རྐྱེན་ལ་འཕྲད། རྒུད་སྐྱོབ་མི་སྣས་བེམ་པོ7རྙེད་ཡོད་ཅིང་། དེའི་ནང་ཨ་མེ་རི་ཁ་དང་དབྱི་ཐཱ་ལེ་ནས་ཡོང་བའི་རི་འཛེག་མཁན་ལྔ་དང་ནེ་པཱ་ལཱའི་གནས་ཤན་པ་གཉིས་འདུས། གཞན་ཡང་མི་བཞིར་རྨས་ཕོག་པ་དང་མི་བཞི་གར་སོང་རྙེད་མེད་ཟེར།

ཟླ10བའི་ཚེས31ཉིན་བར། ནེ་པཱ་ལཱ་ཡིས་རི་འཛེག་མཁན་སྟོང་གཅིག་དང་བཞི་བརྒྱ་ལྔ་བཅུ་ད་ལོའི་ཟླ9བ་ནས་ཟླ11བར་གྱི་སྟོན་ཁའི་རི་འཛེག་དུས་སྐབས་སུ་ནེ་པཱ་ལཱའི་མངའ་ཁོངས་ཀྱི་གངས་རི59ལ་འཛེག་པར་ཆོག་མཆན་བཀོད་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།